18138

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 10:21, 14 September 2021 by Jeremi (talk | contribs) (CSV import MGD Import Part 2a)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཆོས་རྒྱལ་བདུན་ (1)
Part of speech མིང་ཚིག
Definition ཤམ་བྷ་ལའི་ཆོས་རྒྱལ་དྲུག་གི་སྟེང་དུ་རྒྱལ་བོ་ཟླ་བ་བཟང་བོ་བརྩིས་ཏེ་རྒྱལ་པོ་དྲུག་གི་བསྡུས་མིང་སྟེ། རྒྱལ་པོ་ཟླ་བ་བཟང་བོ། རྒྱལ་པོ་ལྷ་ཡི་དབང་བོ་དང་། གཟི་བརྗིད་ཅན་དང་། ཟླ་བས་བྱིན་པ། ལྷའི་དབང་ཕྱུག སྣ་ཚོགས་གཟུགས། ལྷ་ཡི་དབང་ལྡན་བཅས་སོ། །
Domain ཆོས་ལུགས།
ཆོས་རྒྱལ་བདུན་ (2)
Part of speech མིང་ཚིག
Definition འདས་ལོ་རྩི་བྱེད་ཀྱི་ལོ་གྲངས་ཤིག་སྟེ། འདས་ལོ་རྩི་སླ་བའི་ཆེད་དུ་བདུན་ཞེས་ཐ་སྙད་བཏགས། དེ་ཡང་སྟོན་པ་འདས་པའི་ཕྱི་ལོ་ནས་བརྩིས་ཏེ་མི་ལོ་དྲུག་བརྒྱ་དང་བཅུ་མེད་གསུམ་ཡོད་པ་དེའམ་ཕྱི་ལོ་སྔོན་གྱི་ ༨༨༠ པ་ནས་ཕྱི་ལོའི་སྔོན་གྱི་ལོ་ ༢༧༧ པའི་བར་ལ་མི་ལོ་ ༦༠༣ ཡོད་པ་དེ་ཡིན་ལ། རྩིས་གཞུང་ཉིན་བྱེད་སྣང་བ་ལས། དེ་འོག་ཤིང་ཕོ་སྤྲེལ་ལོ་ནས། །ལྷ་དབང་དང་ནི་གཟི་བརྗིད་ཅན། །ཟླ་བས་བྱིན་དང་ལྷའི་དབང་ཕྱུག ། སྣ་ཚོགས་གཟུགས་དང་ལྷ་དབང་ལྡན། །རེ་རེས་ལོ་བརྒྱར་རྒྱུད་བསྟན་ཕྱིར། །དྲུག་བརྒྱ་འདས་པའི་ཤིང་སྤྲེལ་ནས། །ཞེས་བྱུང་།
Domain རྩིས་རིག