18144

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 10:21, 14 September 2021 by Jeremi (talk | contribs) (CSV import MGD Import Part 2a)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཆོས་རྒྱལ་ལྷ་དབང་གི་ལོ་གྲངས་ལ་བསྣན་བྱའི་འདས་ལོ་ (1)
Part of speech མིང་ཚིག
Definition སྟོན་པ་མྱ་ངན་ལས་འདས་པའི་ཕྱི་ལོ་ལྕགས་མོ་སྦྲུལ་དང་ཆུ་ཕོ་རྟ་ལོ་བཅས་ལོ་རིལ་བོ་གཉིས་ནི་ཟླ་བཟང་གི་དུས་དང་དེ་ལ་ལོོ་གཅིག་བསྣན་པ་ལོ་རིལ་བོ་གསུམ་ཡོད་པ་ནི་ཆོས་རྒྱལ་ལྷ་དབང་གི་ལོ་གྲངས་ལ་བསྣན་བྱའི་འདས་ལོ་ཡིན་ཏེ། ཕུག་པ་ལྷུན་གྲུབ་རྒྱ་མཚོའི་པད་དཀར་ཞལ་ལུང་ལས། དེ་ལྟར་སྟོན་པས་རྒྱུད་བསྟན་ཞིང་མྱ་ངན་ལས་འདས་པའི་ལོ་གཉིས་པ་ཁྱུ་མཆོག་ལྕགས་སྦྲུལ་ལ་ཟླ་བ་བཟང་པོས་རྩ་རྒྱུད་བསྡུས་ཤིང་བཀྲལ་ནས་གཞན་ལ་ཡང་རྒྱ་ཆེར་བསྟན་ནོ། །རྒྱུད་བསྟན་པའི་དུས་དེ་ནས་ལོ་རིལ་བོ་གཉིས་དང་ལོ་ངོ་གསུམ་པ་ལ་ཟླ་བ་བཟང་བོ་སྤྲུལ་པའི་སྐུ་བསྡུས་ཏེ་ལོངས་སྤྱོད་རྫོགས་པའི་སྐུར་གཤེགས་སོ། །ཞེས་བྱུང་། དེས་ན་ཕྱི་ལོའི་སྔོན་གྱི་ ༨༨༠ པ་ནས་ཕྱི་ལོའི་སྔོན་གྱི་ལོ་ ༨༧༧ པའི་བར་དུ་ལོ་རིལ་བོ་ཡོད་པ་དེའོ། །
Domain རྩིས་རིག