From Rangjung Yeshe Wiki - Dharma Dictionary
< Dictionaries | Monlam Grand(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
ཆོས་རྒྱུན་གྱི་ཏིང་ངེ་འཛིན་ (1)
| Part of speech
|
མིང་ཚིག
|
| Definition
|
མདོ། ཕར་ཕྱིན། ཆོས་རྒྱུན་གྱི་ཏིང་ངེ་འཛིན་ཞེས་པ་ནི། ཆོས་གསུང་རབ་ཀྱི་ཚིག་དོན་རྒྱུན་ཆད་མེད་པར་བསྐལ་བའི་བར་དུ་འཛིན་ནུས་པའི་ཏིང་ངེ་འཛིན་ཞིག་ལ་དེ་སྐད་བརྗོད་པའི་ཕྱིར། ཆོས་རྒྱུན་གྱི་ཏིང་ངེ་འཛིན་གྱི་ངོ་བོ་ཡོད་དེ། པཎ་ཆེན་ཕར་ཕྱིན་སྤྱི་དོན་ལས། ལམ་འོག་མ་རྣམས་ཀྱིས་སངས་རྒྱས་དངོས་སུ་མཐོང་བ་དང། དེ་ལས་ཆོས་ཐོས་པའི་སྒྲིབ་བྱེད་རགས་པ་ཕལ་ཆེར་སྦྱངས་ནས། མཆོག་གི་སྤྲུལ་སྐུ་ལ་གདམས་ངག་དངོས་སུ་ཉན་པའི་ནུས་པ་ཁྱད་པར་ཅན་སྐྱེས་པའི་ཞི་ལྷག་ཟུང་འབྲེལ་གྱི་ཏིང་ངེ་འཛིན་ཞིག་ལ་འཇོག་པའི་ཕྱིར། ཞེས་གསུངས། ཐེག་ཆེན་གདམས་ངག་ཉན་པའི་རྒྱུ་གཙོ་བོ་ནི་དེ་ཉིད་ཡིན་པར་འདོད་དོ། །
|
| Domain
|
ཆོས་ལུགས།
|
ཆོས་རྒྱུན་གྱི་ཏིང་ངེ་འཛིན་ (2)
| Part of speech
|
མིང་ཚིག
|
| Definition
|
རང་གི་སེམས་རྟེན་དུ་གྱུར་པའི་བསམ་གཏན་གྱི་དངོས་གཞིའི་སེམས་ལ་བརྟེན་ནས་བྱུང་ཞིང་ཏིང་ངེ་འཛིན་གྱི་ངང་ནས་འཇིག་རྟེན་གྱི་ཁམས་གཞན་ན་གནས་པའི་མཆོག་གི་སྤྲུལ་སྐུ་ལ་གདམས་ངག་དངོས་སུ་ཉན་ནུས་པའི་དྲན་པ། ཤེས་རབ་མཚུངས་ལྡན་དང་བཅས་པའི་ཏིང་ངེ་འཛིན་དུ་ཚད་མས་དམིགས་པ། ས་མཚམས། བྱང་སེམས་ཚོགས་ལམ་ཆེན་པོ་ནས་ཐོབ་པ་ཡིན་ནོ། །
|