18155

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 11:21, 14 September 2021 by Jeremi (talk | contribs) (CSV import MGD Import Part 2a)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཆོས་རྗེ་ཀུན་དགའ་དཔལ་འབྱོར་ (1)
Part of speech མིང་ཚིག
Definition རབ་བྱུང་བདུན་པའི་ས་སྤྲེལ་ཕྱི་ལོ་ ༡༤༢༨ ལོར་འཁྲུངས། འཁྲུལ་ཞིག་ནམ་མཁའ་རྣལ་འབྱོར་ལ་སོགས་བླ་མ་མང་དུ་བསྟེན། འདུལ་བ་དང་། མཛོད་འགྲེལ། རྫོགས་ཆེན་ཆོས་སྐོར། ཨ་ཏི་ཡོ་ག མ་ཧཱ་མཱ་ཡ། གསང་འདུས་སྦྱོར་དྲུག ལམ་འབྲས། བདེ་མཆོག་སྙན་བརྗོད། བཀའ་བརྒྱུད་སྙན་བརྒྱུད་ལ་སོགས་པར་གསན། ར་ལུང་དགོན་པའི་གདན་ས་བསྐྱངས། དུས་ཕྱིས་སུ་སྐམ་པོའི་གདན་ས་ཡང་མཛད། སྦ་གྲོ་དང་། གཙང་། དབུས། དྭགས་པོ། ཀོང་པོ། གཉལ། ལོ་རོ། ལྷོ་མོན་ལ་སོགས་པ་རྣམས་སུ་གདུལ་བྱ་ཤིན་ཏུ་རྒྱས། ཆོས་རྗེ་སྒམ་པོ་པའི་གདུང་བརྒྱུད་ལ་གདན་ས་གཏད། ཞེ་དགུ་པ་རབ་བྱུང་བརྒྱད་པའི་མེ་སྤྲེལ་ཕྱི་ལོ་ ༡༤༧༦ ལོར་སྐུ་གཤེགས། ར་ལུང་དགོན་པའི་གདན་རབས་བཅུ་གཉིས་པ་ཡིན།

{{#arraymap:ཆོས་རྗེ་ཀུན་དགའ་དཔལ་འབྱོར་

|; |@@@ | | }}