18165
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དམ་པ་འདི་ཉིད་ཨོ་རོད་ཀྱི་ཡུལ་དུ་སྐུ་འཁྲུངས། བོད་དབུས་སུ་ཕེབས་ནས་འབྲས་སྤུངས་སྒོ་མང་དུ་གཞུང་ཆེན་བཀའ་པོད་ལྔར་ཐུགས་གཉེར་གནང་སྟེ་གྲྭ་སྐོར་མཛད། རང་ཡུལ་དུ་ཕེབས་ནས་ཨོ་རོད་ཇིན་གར་གྱི་དགོན་ཆེན་དུ་འཆད་ཉན་དབུ་བླར་བཞུགས། ཨོ་རོད་དང་ཧལ་ཧ་གཉིས་དམག་འཐབ་སྐབས་འདི་བ་བཙན་ཁྲིད་ཀྱིས་ཧལ་ཧ་གཡོན་ཚེ་ཆེན་ཧན་གྱི་ལུང་རྫི་བྱེད་དུ་བཅུག ། དམ་པ་འདི་བའི་ཡོན་ཏན་ཆེ་བས་དེ་གའི་སྐྱེ་བོ་མཐའ་མཐའ་དག་གི་ཡིད་འཕྲོག་པས་ཚེ་ཆེན་ཧན་གྱི་བླ་མར་བཀུར། དགོན་པ་དེའི་འདུལ་ཁྲིམས་ལ་དག་ཐར་གནང་ནས་སྒོ་མང་ཡིག་ཆའི་འཆད་ཉན་བཙུགས། གསུང་རྩོམ་པོད་གཉིས་ཙམ་བཞུགས། |