18167

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 10:21, 14 September 2021 by Jeremi (talk | contribs) (CSV import MGD Import Part 2a)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཆོས་རྗེ་འཇམ་དབྱངས་གསར་མ་ (1)
Part of speech མིང་ཚིག
Definition ཡུལ་ཉང་སྟོད་དུ་སྔགས་རྙིང་མའི་རྒྱུད་དུ་སྐུ་འཁྲུངས་ཤིང་། སྲས་གཉིས་ལས་ཆུང་བ་ཡིན། ཆུང་དུས་མཚན་ཇོ་སྲས་གློ་བདེ། གཞོན་ནུའི་དུས་ནས་རབ་ཏུ་བྱུང་ཞིང་། མཚན་ཉིད་ཀྱི་གྲྭ་ས་དུ་མར་བྱོན་ཏེ་སློབ་ལ་བརྩོན། ཁྱད་པར་དུ་གསང་ཕུ་ནེའུ་ཐོག་ཏུ་གཉལ་ཞིག་གི་སློབ་མ་གཙོ་བོར་གྱུར་ཏེ་མཁས་པའི་ཕུལ་དུ་གྱུར། ལོ་མང་དཀའ་ཐུབ་ཀྱིས་ལུས་སྦྱངས་མཛད་པས་སྔགས་བཏབ་པ་ཙམ་གྱིས་མི་གཞན་གདོན་གྱིས་ཟིན་པ་ཕན་པར་བྱུང་། སེ་མོ་ཆེ་བའི་སྐུ་དྲུང་དུ་དུས་ཀྱི་འཁོར་ལོའི་དབང་གསན་ཞིང། སྒོམ་སྒྲུབ་ལ་བརྩོན་པས་ཉམས་རྟོགས་མཐར་ཕྱིན་པ་མ་ཟད། རྐྱང་འདུར་གྱི་འཆད་ཉན་ཡང་མཛད་དེ་སྒོམ་གྲྭ་བཙུགས་ནས་གདམས་ངག་གིས་སྐྱོང་སྟེ་བཤད་སྒྲུབ་ལ་མངའ་བརྙེས་པར་གྱུར། གྲུབ་ཐོབ་སེ་མོ་ཆེ་ཡན་ཆད་ནི་དུས་འཁོར་ལ་ཤིན་ཏུ་བཀའ་དོག་གཉན་ཆ་ཆེ་བ་ཡིན་ཞིང་། ཆོས་རྗེ་འཇམ་གསར་ནས་བཟུང་ཅུང་ཟད་བཀའ་ཡངས་པ་ཡིན་ནོ། །