18169

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 10:21, 14 September 2021 by Jeremi (talk | contribs) (CSV import MGD Import Part 2a)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཆོས་རྗེ་རཏྣ་ཀ་ར་ (1)
Part of speech མིང་ཚིག
Definition རབ་བྱུང་ལྔ་པའི་ལྕགས་བྱི་ཕྱི་ལོ་ ༡༣༠༠ ལོར་གཡང་ཤོད་བོང་ར་སྟེངས་སུ་ཡབ་ཐུགས་རྗེ་སྐྱབས་དང་། ཡུམ་གཟུངས་ལྕམ་གཉིས་ཀྱི་སྲས་སུ་འཁྲུངས། མཁན་ཆེན་བསོད་ནམས་ཡེ་ཤེས་དང་། སློབ་དཔོན་སངས་རྒྱས་བཟང་པོ་ལས་རབ་ཏུ་བྱུང་། མཚན་ལ་རིན་ཆེན་འབྱུང་གནས་ཞེས་གསོལ། པཎ་ཆེན་ཤཱཀྱ་ཤྲཱིའི་སྡོམ་བརྒྱུད་འཛིན་པ་མཁན་ཆེན་ཤེར་མགོན་པ་དང་། སློབ་དཔོན་བསོད་ནམས་དབང་ཕྱུག་སོགས་ལས་བསྙེན་པར་རྫོགས། ས་སྐྱར་ཕེབས། བདག་ཉིད་ཆེན་པོ་དང་། བླ་ཆེན་ཀུན་དགའ་བློ་གྲོས། དཔང་ལོ་ཙཱ་བ་བློ་གྲོས་བརྟན་པ། འཇམ་དབྱངས་དོན་ཡོད་པ། ཆོས་རྗེ་བསོད་ནམས་རྒྱལ་མཚན་རྣམས་བསྟེན། གསུང་རབ་རིན་པོ་ཆེ་སོགས་དམ་ཆོས་མང་དུ་གསན། ཇོ་མོ་ནང་དུ་བྱོན། བྱང་སེམས་རྒྱལ་བ་ཡེ་ཤེས་ལས་སྦྱོར་དྲུག་གི་ཁྲིད་དང་། སེམས་འགྲེལ་སྐོར་རྣམས་གསན། ཏིང་འཛིན་གྱི་རྟོགས་པ་འཁྲུངས། སྟག་ལུང་དུ་བྱོན་ཕེབས། རཏྣ་གུ་རུ་དང་མཇལ། བཀའ་བརྒྱུད་ཀྱི་ཆོས་སྐོར་མ་ལུས་གསན། ལམ་འབྲས་ལ་སོགས་ཞུས། བཞི་བཅུ་བར་རབ་བྱུང་དྲུག་པའི་ས་ཡོས་ཕྱི་ལོ་ ༡༣༣༩ ལོར་སྟག་ལུང་དགོན་པའི་གདན་སར་ཕེབས། ལྷ་ཆེན་རྒྱབ་མཐོ་ཉི་ཤུ་རྩ་གཅིག་པ་དང་། གསེར་འབུམ་མཐོ་ཉི་ཤུ་ཡོད་པ་དང་། བསྟན་འགྱུར་བཞེངས་པ་སོགས་བྱ་བ་རྒྱ་ཆེན་མཛད། རྒྱུད་སྡེ་དང་། སྡེ་སྣོད་ཀྱི་བཤད་གྲྭ་བཙུགས། ཆོས་དྲུག་ལམ་འབྲས། སྦྱོར་དྲུག་ལ་སོགས་པའི་ཁྲིད་རྣམས་བཏབ། རེ་གཉིས་པ་རབ་བྱུང་དྲུག་པའི་ལྕགས་གླང་ཕྱི་ལོ་ ༡༣༦༡ ལོར་སྐུ་གཤེགས། སྟག་ལུང་དགོན་པའི་གདན་རབས་བདུན་པ་ཡིན། འདི་ཡན་གྱི་གདན་རབས་རྣམས་ཁམས་ནས་ཕེབས།