18190
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | འཕགས་པ་དགོངས་པ་ངེས་པར་འགྲེལ་པའི་མདོ་ལས་བྱུང་བ་སྟེ། ༡ རང་གིས་མངོན་པར་རྟོགས་པའི་ཆོས་ནི། དེ་བཞིན་གཤེགས་པ་དེ་དག་གི་གང་ཐུགས་སུ་ཆུད་པ་དེ་བཞིན་དུ་ངས་ཀྱང་རང་གིས་མངོན་པར་རྟོགས་པའི་ཆོས་མཐར་ཕྱིན་པའི་སྤྱོད་ཡུལ་ཚིག་གི་རྣམ་པར་རྟོག་པ་དང་བྲལ་བ། ཡི་གེའི་ཚུལ་རྣམ་པ་གཉིས་ལས་རྣམ་པར་གྲོལ་བ། ལྷག་ཆད་མེད་པར་ཐུགས་སུ་ཆུད་པའོ། ། ༢ ངོ་བོ་ཉིད་ཀྱིས་གནས་པའི་ཆོས་ནི། སྔོན་གྱི་འཕགས་པའི་ལམ་རྙིང་པ་གསེར་དང་། དངུལ་ལ་སོགས་པའི་ངོ་བོ་ཉིད་བཞིན་དུ་ཆོས་ཀྱི་དབྱིངས་རྟག་པར་གནས་པའང་དེ་བཞིན་གཤེགས་པ་རྣམས་འཇིག་རྟེན་དུ་བྱུང་ཡང་རུང་། མ་བྱུང་ཡང་རུང་སྟེ། ཆོས་ཀྱི་དབྱིངས་རྟག་པར་གནས་པ་ནི་ཇི་ལྟར་གྲོང་ཁྱེར་དེ་དག་ཏུ་འགྲོ་བའི་ལམ་བཞིན་དུ་འདུག་པའོ། ། |
| Domain | ཆོས་ལུགས། |