18200

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 10:21, 14 September 2021 by Jeremi (talk | contribs) (CSV import MGD Import Part 2a)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཆོས་རྣམ་པ་ལྔ་དང་ལྡན་པའི་དགེ་སློང་གིས་དགེ་སློང་མ་ལ་ལུང་བསྒོ་བར་བྱ་བ་ལྔ་ (1)
Part of speech མིང་ཚིག
Definition འདུལ་བ་གཞུང་དམ་པ་ལས་བྱུང་བ་སྟེ། ཚུལ་ཁྲིམས་དང་ལྡན་པར་གྱུར་པ་གང་ཞེ་ན། ཕས་ཕམ་པ་བཞི་ལས་གང་ཡང་རུང་པ་འདས་པར་མ་གྱུར་པའོ། །མང་དུ་ཐོས་པ་གང་ཞེ་ན། དེས་སོ་སོར་ཐར་པའི་མདོ་བཤད་པའམ། ཁ་ཏོན་དུ་བྱས་པར་གྱུར་པའོ། །གནས་བརྟན་གྱི་རྒྱལ་པོར་གྱུར་པ་གང་ཞེ་ན། བསྙེན་པར་རྫོགས་ནས་ལོ་ཉི་ཤུ་ལོན་པར་གྱུར་པའམ། ཡང་ན་དེ་ལས་འདས་པའོ། །གྲོང་ཁྱེར་གྱི་སྐད་དང་ལྡན་པར་གྱུར་པ། དེས་དགེ་སློང་མ་ལ་ལུས་ཀྱིས་བསྐྱོད་པས་སུན་མ་ཕྱུང་བར་གྱུར་པ་གང་ཞེ་ན། དེ་སྟེ་དགེ་སློང་མ་ལ་ལུས་ཀྱིས་བསྐྱོད་པས་སུན་ཕྱུང་བར་མ་གྱུར་ཏམ། ཡང་ན་ཉེས་པ་འདིས་ཇི་ལྟར་ཆོས་བཞིན་དུ་མ་བྱས་པར་གྱུར་པའོ། །
Domain ཆོས་ལུགས།