18279

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 10:21, 14 September 2021 by Jeremi (talk | contribs) (CSV import MGD Import Part 2a)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཆོས་ལྔ་ (1)
Part of speech མིང་ཚིག
Definition མདོ། མིང་དང༌། མཚན་མ་དང༌། རྣམ་རྟོག་དང༌། དེ་བཞིན་ཉིད་དང༌། མི་རྟོག་ཡེ་ཤེས་བཅས་ལྔ། སྔགས། ཨ་ནུ་ཡོ་ག མདོ་དགོངས་པ་འདུས་པ་ལེའུ་བཅུ་གསུམ་པ་ནས་གསུངས་པའི་རྒྱལ་བའི་རྒྱལ་ཚབ་སྐྱེས་བུ་དམ་པ་ལ་ལྡན་པའི་ཆོས་ལྔ་སྟེ། རྒྱལ་བ་ཀུན་གྱི་རྒྱུད་དུ་བྱུང་བ་དང། མཚན་དང་དཔེ་བྱད་ཀྱི་རྟགས་དང་ལྡན་པ་དང། ཆོས་ཤེས་པ་དང། བསྡུ་བའི་འཁོར་དང་ལྡན་པ་དང། དབང་བཅུ་ཐོབ་པ་བཅས་ལྔའོ། །
Domain ཆོས་ལུགས།
ཆོས་ལྔ་ (2)
Part of speech མིང་ཚིག
Definition གཟི་ལྡན་འཆར་ཁའི་འོད་སྣང་ལས། རང་བཞིན་ལ་གནས་པའི་ཕྱིར། རྒྱུའི་ཆོས་དང༌། ལམ་གྱི་ཆོས་དང༌། བཤད་པའི་ཆོས་དང༌། རྟོགས་པའི་ཆོས་དང༌། འབྲས་བུའི་ཆོས་ལ་གནས་པའི་ཕྱིར་ཆོས་ཞེས་བྱའོ། །ཞེས་གསུངས།