18285
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ༡ ཆོས་ཤེས་པས་ཆོས་སོ་སོ་ཡང་དག་པར་རིག་པའོ། །༢ ཆོས་ཤེས་པ་ལ་དོན་གང་ཡིན་པ་དེ་ནི་དོན་སོ་སོ་ཡང་དག་པར་རིག་པ་ཞེས་བྱའོ། །༣ ཆོས་ཤེས་པ་ལ་འདུན་པ་གང་ཡིན་པ་དེ་ནི་ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་ཞེས་བྱའོ། །༤ ཆོས་ཤེས་པ་ལ་ཐ་སྙད་དུ་སྟོན་པ་དང་། འཆད་པ་དང་། འདོགས་པ་དང་། རབ་ཏུ་སྟོན་པ་དང་། རབ་ཏུ་འགོད་པ་དང་། རྣམ་པར་འབྱེད་པ་དང་། གསལ་བར་བྱེད་པ་དང་། ཚིག་ཐོགས་པ་མེད་པ་དང་། ཚིག་མི་འདོར་ཞིང་མ་ལྐུགས་པ་མི་དིག་པ་དང་། ཚིམ་ཞུམ་པ་མེད་པ་འདི་ནི་སྤོབས་པ་སོ་སོ་ཡང་དག་པར་རིག་པ་ཞེས་བྱའོ། ། |
| Domain | ཆོས་ལུགས། |