From Rangjung Yeshe Wiki - Dharma Dictionary
< Dictionaries | Monlam Grand(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
ཆོས་སོ་སོ་ཡང་དག་པར་རིག་པ་ (1)
| Part of speech
|
མིང་ཚིག
|
| Definition
|
ཆོས་སོ་སོ་ཡང་དག་པར་རིག་པ་ནི་སྒྲུབ་པའི་ཆོས་འཕགས་ལམ་བརྒྱད་དང་། འབྲས་བུའི་ཆོས་མྱང་འདས་རིག་པ་མ་ཡིན་གྱི་ཆོས་རྣམས་ཀྱི་མིང་ཚིག་ཡི་གེའི་ཚོགས་རིག་པ་སྟེ་དོན་རྣམས་ཀྱི་རྗོད་བྱེད་ཡིན་པའི་ཕྱིར་ན་བསྟན་པའི་ཆོས་སོ། །ཆོས་སོ་སོ་ཡང་དག་པར་རིག་པ་ནི་ཀུན་རྫོབ་ཤེས་པའི་རང་བཞིན་ཡིན་ཏེ། མིང་གི་ཚོགས་ལ་སོགས་པ་བསྟན་པའི་ཆོས་ལ་དམིགས་པའི་ཕྱིར་རོ། །ཞེས་མཛོད་འགྲེལ་མངོན་པའི་རྒྱན་ལས་སོ། །
|
| Domain
|
ཆོས་ལུགས།
|
ཆོས་སོ་སོ་ཡང་དག་པར་རིག་པ་ (2)
| Part of speech
|
མིང་ཚིག
|
| Definition
|
ཆོས་རྣམས་རང་རང་སོ་སོའི་མཚན་ཉིད་རབ་ཏུ་ཤེས་པ་སྟེ་བྱང་ཆུབ་སེམས་དཔའི་སོ་སོ་ཡང་དག་པར་རིག་པ་བཞིའི་ཡ་གྱལ་ཞིག
|