18293

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 10:21, 14 September 2021 by Jeremi (talk | contribs) (CSV import MGD Import Part 2a)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཆོས་སོ་སོ་ཡང་དག་རིག་པ་ (1)
Part of speech མིང་ཚིག
Definition མདོ། མངོན་པ། ཆོས་རྣམས་ཀྱི་མིང་ཚིག་ཡི་གེའི་ཚོགས་རྣམས་སོ་སོ་མ་འདྲེས་པར་ཐོགས་པ་མེད་པར་ཤེས་པ་སྟེ། དེའི་རྟེན་ནི་གླིང་གསུམ་གྱི་མི། གང་ཟག་ནི་མི་གཡོ་བའི་ཆོས་ཅན་གྱི་དགྲ་བཅོམ་པ། ས་ནི་འདོད་པ་དང་བསམ་གཏན་བཞི་སྟེ་ས་ལྔ་ན་ཡོད་དེ། མཆིམས་མཛོད་ལས། དེ་ལ་ཆོས་སོ་སོ་ཡང་དག་པར་རིག་པ་ནི་སྒྲུབ་པའི་ཆོས་འཕགས་ལམ་བརྒྱད་དང༌། འབྲས་བུའི་ཆོས་མྱང་འདས་རིག་པ་མ་ཡིན་གྱི་ཆོས་རྣམས་ཀྱི་མིང་ཚིག་ཡི་གེའི་ཚོགས་རིག་པ་སྟེ་དོན་རྣམས་ཀྱི་རྗོད་བྱེད་ཡིན་པའི་ཕྱིར་ན་བསྟན་པའི་ཆོས་སོ། །ཞེས་དང་། ཇི་ལྟར་ཉོན་མོངས་པ་མེད་པའི་ཏིང་ངེ་འཛིན་གང་ཟག་མི་གཡོ་བའི་ཆོས་ཅན་གྱི་ཡིན་པ་དང་གླིང་གསུམ་གྱི་མིས་སྐྱེད་པ་དེ་བཞིན་དུ་ཆོས་དང་དོན་དང་ངེས་པའི་ཚིག་དང་སྤོབས་པ་སོ་སོ་ཡང་དག་པར་རིག་པ་དག་ཀྱང་དེ་དང་འདྲའོ། །ཞེས་གསུངས། མཛོད་རྩ་བ་ལས། ཆོས་རིག་འདོད་དང་བསམ་གཏན་ན། །ཞེས་གསུངས།
Domain ཆོས་ལུགས།