18297
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མདོ། ཕར་ཕྱིན། ཉ་དཔོན་ཀུན་དགའ་དཔལ་གྱི་ཕར་ཕྱིན་ཉ་ཊཱིཀ་ལས། བརྒྱད་པ་ཆོས་སྐུ་ལ། གཞིའི་སངས་རྒྱས་འདུས་མ་བྱས་ཆོས་སྐུ་མིན་པར་འདོད་པ་དགག་པ་རེ་ཤིག་བཞག་ནས་འཕགས་སེང་སོགས་འགྲེལ་བྱེད་རྣམས་ཀྱི་རྗེས་སུ་འབྲངས་ནས་སྟོན་པ་ལ། མཚན་ཉིད། མཚོན་བྱ། མཚན་གཞི། དང་པོ་ནི། ཡུམ་གྱི་སྦྱོར་བ་བསྒོམས་པའི་འབྲས་བུ་མཐར་ཐུག་གང་ཞིག་ཟག་མེད་ཀྱི་ཆོས་ཀྱི་ཡན་ལག་ཅན་ཏེ། དེ་ཡི་རྣམ་སྨིན་ནི་ཞེས་དང་། ཆོས་རྣམས་ཀུན་གྱི་ལུས་ཡིན་ཕྱིར། ཞེས་བདེན་གཉིས་ལས་སོ། །གཉིས་པ་ནི། ཟག་མེད་ཀྱི་ཆོས་མཐའ་ཡས་པའི་ཡན་ལག་བསག་པའམ་ཚོགས་པ་ཡིན་པས་སྐུ། ཡོན་ཏན་བསམ་གྱིས་མི་ཁྱབ་པའི་རྟེན་བྱེད་པས་སྐུ། རིགས་པའི་རྗེས་འབྲང་བས་ཐོབ་བྱའམ་རྟོགས་བྱའི་ངོ་བོ་ཡིན་པས་སྐུ་སྟེ། བདེན་གཉིས་ལས། ཆོས་རྣམས་ཀུན་གྱི་ལུས་ཡིན་ཕྱིར། །ཡོན་ཏན་ཕུན་ཚོགས་བསམ་ཡས་ཕྱིར། །རིགས་པའི་རྗེས་འབྲང་ངོ་བོའི་ཕྱིར། །སྐྱོབ་པ་རྣམས་ཀྱི་ཆོས་སྐུར་འདོད། །ཅེས་སོ། །ཞེས་པ་ནས། གསུམ་པ་ནི། མཚན་ཉིད་པ་དང་རྗེས་མཐུན་པ་གཉིས་སོ། །ཞེས་གསུངས། ཆོས་རྗེ་ཀུན་མཁྱེན་དོལ་པོ་བའི་ཕར་ཕྱིན་མདོ་ལུགས་མའི་དོན་ཁོལ་བུར་ཕྱུང་བ་ལས། བརྒྱད་པ་ཆོས་ཀྱི་སྐུ་ལ་མཚན་ཉིད། མཚོན་བྱ་དང་། མཚན་གཞིའོ། །དང་པོ་ནི་སྦྱོར་བའི་འབྲས་བུ་མཐར་ཐུག་གང་ཞིག ཟག་མེད་ཆོས་ཀྱི་ཡན་ལག་དང་ལྡན་པའོ། །གཉིས་པ་ནི། ཟག་པ་མེད་པའི་ཆོས་མ་ལུས་པ་བསགས་པའི་ཕུང་པོའམ་ལུས་ཡིན་པས་ན་ཆོས་སྐུ་ཡིན་ཏེ། ལུས་དང་། འདུས་པ་དང་། ཚོགས་པ་དང་། བསྡུས་པ་རྣམས་རྣམ་གྲངས་སོ། །ཞེས་གསུངས་སོ། ། |
Domain | ཆོས་ལུགས། |
{{#arraymap:ཆོས་སྐུ་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | སྒྲིབ་གཉིས་སྤངས་པའི་ཡོན་ཏན་མཐར་ཐུག |
{{#arraymap:ཆོས་སྐུ་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | ཀུན་མཁྱེན་རོང་སྟོན་གྱི་དབུ་འཇུག་རྣམ་བཤད་ལས། སྤངས་པའི་ཁྱད་པར་མཐར་འཛིན་གྱི་རྟོག་པས་བཏགས་པའི་ཤེས་བྱའི་བུད་ཤིང་སྐམ་པོ་མ་ལུས་པ་རྣམ་པར་དཔྱོད་པ་ལས་བྱུང་བའི་ཡེ་ཤེས་ཀྱི་མེས་བསྲེགས་པས་རྟོག་པ་མཐའ་དག་ཞི་བ་དང་། རྟོགས་པའི་ཁྱད་པར་ཡེ་ཤེས་ཀྱི་བདག་ཉིད་ཅན་གྱི་སྐུ་དེ་རྒྱལ་བ་རྣམས་ཀྱི་ཆོས་སྐུ་སྟེ། དངོས་པོ་མེད་པར་འདི་རྣམས་མི་འགྱུར་དཔེར། །བུད་ཤིང་མེད་པར་མེ་ཡོད་མིན་དེ་བཞིན། །ཞེས་པ་ལྟར་རོ། །དེའི་ཚེ་སྐད་ཅིག་གིས་སྐྱེ་དགག་མེད་པ་ལ་ཡེ་ཤེས་ལས་ཉོན་གྱིས་སྐྱེ་བ་དང་། རྣམ་པར་དཔྱད་པས་འཆི་འཕོ་བའི་འགག་པ་དང་། ཡིད་ཀྱི་ལུས་ཀྱི་སྐྱེ་བ་དང་། བསམ་གྱིས་མི་ཁྱབ་པའི་འཆི་འཕོ་བའི་འགག་པ་དང་། གཟུགས་སྐུ་ལྟར་གདུལ་བྱའི་ངོར་སྐྱེ་འགག་ཏུ་སྣང་བའི་སྐྱེ་བ་མེད་ཅིང་འགག་པའང་མེད་པས་ཆོས་ཀྱི་སྐུ་ཞེས་བྱའོ། །དེ་ལྟར་སྤྲོས་པའི་སེམས་དང་སེམས་ལས་བྱུང་བ་མ་ལུས་པ་འགག་པ་ལོངས་སྐུས་མངོན་དུ་མཛད་དོ་ཞེས་གསུངས། པཎ་ཆེན་ཤཱཀ་མཆོག་གི་དབུ་མ་རྣམ་ངེས་ལས། གཟུང་འཛིན་གཉིས་སུ་སྣང་བའི་བག་ཆགས་ཀྱི་ས་བོན་དྲུངས་ནས་ཕྱུང་བའི་ཡེ་ཤེས་ཀྱི་རང་བཞིན་ཅན་གྱི་སྐུ་དེ་ལ་ཆོས་ཀྱི་སྐུ་ཞེས་བྱའོ། །དེ་ཡང་ཆོས་ཞེས་བྱ་བ་ནི་མི་གནས་པའི་མྱ་ངན་ལས་འདས་པ་ལ་བྱ་ལ། དེའི་ལུས་ཡིན་པའི་ཕྱིར་ན་སྐུ་ཞེས་དང་། དེ་ཉིད་གནས་ལུགས་མཐར་ཐུག་པ་ཡིན་པའི་ཕྱིར་ཆོས་ཉིད་ཅེས་བྱའོ། །དེ་འདྲ་དེ་གཉིས་སུ་སྣང་བའི་ཚུལ་གྱིས་ཤེས་པར་བྱ་བ་ཡང་མ་ཡིན་ཏེ། སྤྲོས་པ་ལས་འདས་པའི་ཕྱིར་རོ་ཞེས་གསུངས། ཀུན་མཁྱེན་གོ་རམས་པའི་དབུ་འཇུག་དཀའ་འགྲེལ་ལས། འགྲེལ་པར། ཡེ་ཤེས་རང་བཞིན་ཅན་གྱི་སྐུ། ཤེས་བྱའི་བུད་ཤིང་སྐམ་པོ་མ་ལུས་པ་བསྲེགས་པ་ལས་ཤེས་བྱ་སྐྱེ་བ་མེད་པས་སྐྱེ་བ་མེད་པ་དང་ལྡན་པར་གྱུར་པ་གང་ཡིན་པ་འདི་ནི་སངས་རྒྱས་རྣམས་ཀྱི་ཆོས་ཀྱི་སྐུའོ། །མདོ་ལས་ཀྱང་། འཇམ་དཔལ་སྐྱེ་བ་མེད་ཅིང་འགག་པ་མེད་པ་ཞེས་བྱ་བ་འདི་ནི་དེ་བཞིན་གཤེགས་པའི་ཚིག་བླ་དྭགས་སོ། །ཞེས་གསུངས་པ་རྣམས་སོ་ཞེས་གསུངས་སོ། ། |
{{#arraymap:ཆོས་སྐུ་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | སྔགས། མ་ཧཱ་ཡོ་ག སྡོམ་གསུམ་རྣམ་ངེས་ཀྱི་མཆན་འགྲེལ་རིག་འཛིན་འཇུག་ངོགས་ལས། ཆོས་ཐམས་ཅད་མཚན་མ་མེད་པར་ཐུགས་སུ་ཆུད་པའི་སྤྲོས་བྲལ་གྱི་ཡེ་ཤེས་རང་བཞིན་རྣམ་དག་མངོན་དུ་གྱུར་པའི་ཆ་ནི་ཆོས་སྐུ། ཞེས་གསུངས། |
{{#arraymap:ཆོས་སྐུ་
|; |@@@ | | }}