18307

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 10:21, 14 September 2021 by Jeremi (talk | contribs) (CSV import MGD Import Part 2a)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཆོས་སྐུའི་དབྱེ་བ་གསུམ་ (1)
Part of speech མིང་ཚིག
Definition མདོ་རྒྱུད་རིན་པོ་ཆེའི་མཛོད་དེབ་གཟུགས་གླེགས་བམ་བཞི་པ་མདོ་རྒྱུད་རིན་པོ་ཆེའི་མཛོད་ཀྱི་རྒྱས་འགྲེལ་སྐབས་ཉེར་ལྔ་པ་མཐར་ཕྱིན་པ་འབྲས་བུའི་རིམ་པ་ལས་བྱུང་བ་སྟེ། ༡ དངོས་མཚན་ཉིད་དང་འབྲེལ་བའི་ཆོས་སྐུ་ནི། ཆོས་ཉིད་ལ་ལྟོས་ནས་གང་ངོ་བོར་ཡང་མ་གྲུབ་པས་སྤྲོས་པའི་མཐའ་དང་བྲལ་བ། དངོས་པོ་ངོས་གཟུང་ལས་འདས་པས་སྐྱེ་འཇིག་འཕོ་འགྱུར་མེད་པ། མཐར་ཐུག་མངོན་དུ་གྱུར་པས་ཆོས་ཉིད་བསམ་གྱིས་མི་ཁྱབ་པའོ། ། ༢ གནས་པ་ཁྱབ་ཚུལ་དང་འབྲེལ་བའི་ཆོས་སྐུ་ནི། འཁོར་འདས་ཀུན་ལ་ཁྱབ་པའི་ཆོས་སྐུ་དྲི་མ་གློ་བུར་བས་དག་པའི་དག་པ་གཉིས་ལྡན་དེ་ཡིན་ནོ། ། ༣ རྣམ་དབྱེ་སྣང་ཚུལ་དང་འབྲེལ་བའི་ཆོས་སྐུ་ནི། ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ། ཐེག་པ་སོ་སོ་ནས་རིག་པ་དང་། སྟོང་པ་དང་། ཡོན་ཏན་ལ་སོགས་པའི་ཆར་བསྟན་པ་སྟེ། ཡོངས་སུ་རྫོགས་པ་ཆེན་པོ་འདིར་རྣམ་པར་འཕྲུལ་པས་ཕྱེ་ན། ཆོས་སྐུའི་ཞིང་ཁམས་བསམ་གྱིས་མི་ཁྱབ་པ། གནས་བསམ་ངོ་ལ་འདས་པའི་ཆོས་ཉིད། ཏིང་ངེ་འཛིན་མི་གཡོ་བ་ཆེན་པོ། འཁོར་སྣ་ཚོགས་རང་བཞིན་མི་གཉིས་པ། བསྟན་པ་བརྗོད་དུ་མེད་པའི་ཆོས་ཉིད། དུས་གང་དུ་ཡང་འགྱུར་བ་མེད་པའི་ཆོས་ཉིད་དོ། །
Domain ཆོས་ལུགས།