18320
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སློབ་དཔོན་ནག་པོ་ཞབས་ཀྱིས་མཛད་པའི་ཆོས་སྐྱོང་བའི་རྒྱལ་པོ་རྣམ་ཐོས་སྲས་ལ་བསྟོད་པ། པཎྜི་ཏ་ཏེ་ཛ་དེ་བ་དང༌། ལོ་ཙྪ་བ་འཕགས་པ་ཤེས་རབ་ཀྱིས་བསྒྱུར་ཅིང་གཏན་ལ་ཕབ། མཇུག་བྱང་དུ་འདིའི་མཚན་ཆོས་སྐྱོང་བའི་རྒྱལ་པོ་རྣམ་ཐོས་སྲས་ལ་བསྟོད་ཅིང་གནད་ནས་བསྐུལ་བའི་ཚིགས་སུ་བཅད་པ་ཐུགས་རྗེའི་བ་འཇོ་ཞེས་བྱ་བའི་སྙན་སྔགས་ཀྱི་ཕྲེང་བ་ཞེས་འཁོད། ཆོས་ཚན་འདི་སྡེ་དགེ་པར་མ་དང་། པེ་ཅིང་པར་མ་ཅོ་པར་མ་གསུམ་ལ་མི་བཞུགས། བསྟན་འགྱུར་རྒྱུད་ཚུ་པར་བཞུགས། |