18321

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 10:21, 14 September 2021 by Jeremi (talk | contribs) (CSV import MGD Import Part 2a)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཆོས་སྐྱོང་ལྡེ་ (1)
Part of speech མིང་ཚིག
Definition རབ་བྱུང་ལྔ་པའི་ལྕགས་འབྲུག་ལོ་སྟེ་ཕྱི་ལོ་ ༡༢༨༠ ལོར་ས་སྐྱའི་སྒྲོ་སྤངས་སུ་ཡབ་ལྷ་རིན་ཆེན་བཟང་པོ་དང་། ཡུམ་མ་ཅིག་ལྷ་མོ་འབུམ་གཉིས་ཀྱི་སྲས་སུ་འཁྲུངས། ཁུ་བོ་ཁྲི་ལྡེ་འབུམ་གྱིས་ས་སྐྱ་ནས་གུང་ཐང་དུ་གདན་དྲངས། མང་ཡུལ་གུང་ཐང་གི་ཆབ་སྲིད་བསྐྱངས། འཛངས་ཀྱི་གོ་ཆེ་ཚངས་པ་དང་། ལྷ་རིགས་གོ་ཆེ་ཚངས་པ། གཉན་རྒྱུད་གོ་ཆེ་ཚངས་པ་གསུམ་གྱིས་གཞོགས་འདེགས་མཛད། བདག་ཉིད་ཆེན་པོ་བཟང་པོ་དཔལ་གྱི་སྲས་མོ་ཀུན་དགའ་འབུམ་ཁབ་ཏུ་བསུས། ཁྲི་བཀྲ་ཤིས་ལྡེ་འཁྲུངས། ས་སྐྱ་པ་དང་གཉེན་ཚན་བསྒྲིགས་ནས་མང་ཡུལ་གུང་ཐང་གི་ཆབ་སྲིད་དར་བར་མཛད། དོན་གཅིག་པ་རབ་བྱུང་དྲུག་པའི་ཅུ་འབྲུག་ཕྱི་ལོ་ ༡༣༥༢ ལོར་སྐུ་གཤེགས། མང་ཡུལ་གུང་ཐང་གི་རྒྱལ་རབས་བཅུ་གཉིས་པ་ཡིན།