18344
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཕལ་ཆེན་ལེའུ་སུམ་ཅུ་པ་ལས་བྱུང་བ་སྟེ། སེམས་ཅན་གྱི་ཁམས་རྣམ་པར་དཔྱད་པ་སྣང་བ་ལ་འཇུག་པ། འཇིག་རྟེན་གྱི་ཁམས་རྣམ་པར་དཔྱད་པ་སྣང་བ་ལ་འཇུག་པ། ཆོས་ཀྱི་ཁམས་རྣམ་པར་དཔྱད་པ་སྣང་བ་ལ་འཇུག་པ། ནམ་མཁའི་ཁམས་རྣམ་པར་དཔྱད་པ་སྣང་བ་ལ་འཇུག་པ། རྣམ་པར་ཤེས་པའི་ཁམས་རྣམ་པར་དཔྱད་པ་སྣང་བ་ལ་འཇུག་པ། འདོད་པའི་ཁམས་རྣམ་པར་དཔྱད་པ་ལ་སྣང་བ་ལ་འཇུག་པ། གཟུགས་ཀྱི་ཁམས་རྣམ་པར་དཔྱད་པ་སྣང་བ་ལ་འཇུག་པ། གཟུགས་མེད་པའི་ཁམས་རྣམ་པར་དཔྱད་པ་སྣང་བ་ལ་འཇུག་པ། བསམ་པ་དང་མོས་པ་ཡངས་པའི་ཁམས་རྣམ་པར་དཔྱད་པ་སྣང་བ་ལ་འཇུག་པ། བདག་ཉིད་ཆེ་བའི་བསམ་པ་དང༌། མོས་པའི་ཁམས་རྣམ་པར་དཔྱད་པ་སྣང་བ་ལ་འཇུག་པ་དང༌། ཆོས་སྣང་བ་ལ་འཇུག་པ་བཅུ་པོ་འདི་དག་གིས་ཡོངས་སུ་གནོན་ཏོ། ། |
| Domain | ཆོས་ལུགས། |