18346
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ་དགོངས་པ་འདུས་པའི་ལེའུ་བཅུ་བདུན་པ་ཡིན། ལེའུ་འདི་རྒྱུད་དེའི་བཤད་རྒྱུད་དུ་གཏོགས་ཤིང་། ནང་དོན་ལ་བྱུང་ཚུལ་བཅུ་གཉིས་ཀྱི་ལྔ་པ་དགོངས་པ་ངེས་པར་འགྲེལ་བའི་བྱུང་ཚུལ་ལས་མ་འགག་པའི་ཆོས་སྣང་བ་དང་མ་བཅོས་པའི་ཆོས་སྣང་བ་སོགས་ཆོས་སྣང་བའི་ཆོ་འཕྲུལ་བསྟན། རྒྱུད་ཆེན་པོ་འདིའི་ལུགས་ལ་ཆོས་ཉིད་བརྒྱུད་ནས་སྟོན་པ་དང་ཅར་ཕོག་ཏུ་སྟོན་པ་ལ་དྲང་དོན་ངེས་དོན་དུ་བྱས་པ་ལ་ལེའུ་འདིས་དྲང་དོན་སྟོན་ཞེས་གཟི་ལྡན་འཆར་ཁའི་འོད་སྣང་དུ་གསལ། བཀའ་འགྱུར་རྙིང་རྒྱུད་ཀ་པར་བཞུགས། |