18356

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 10:21, 14 September 2021 by Jeremi (talk | contribs) (CSV import MGD Import Part 2a)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཆོས་སྤྱོད་པ་རྣམ་པ་བཅུ་ (1)
Part of speech མིང་ཚིག
Definition འཕགས་པ་དགོངས་པ་ཟབ་མོ་ངེས་པར་འགྲེལ་པའི་མདོ་རྒྱ་ཆེར་འགྲེལ་པ་ལས་བྱུང་བ་སྟེ། ཡི་གེར་འབྲི་བ། མཆོད་པ་བྱེད་པ། གཞན་དག་ལ་སྦྱིན་པར་བྱེད་པ། གུས་པར་ཉན་པ། ཀློག་པ། འཆང་བར་བྱེད་པ། གཞན་དག་ལ་རྒྱ་ཆེར་སྟོན་པ། ཁ་ཏོན་དུ་བྱ་བ། སེམས་པར་བྱེད་པ། བསྒོམ་པའོ། །
Domain ཆོས་ལུགས།
ཆོས་སྤྱོད་པ་རྣམ་པ་བཅུ་ (2)
Part of speech མིང་ཚིག
Definition དུང་དཀར་ཚིག་མཛོད་ཆེན་མོ་ལས་བྱུང་བ་སྟེ། སྦྱིན་པ། ཚུལ་ཁྲིམས། བཟོད་པ། བརྩོན་འགྲུས། བསམ་གཏན། ཤེས་རབ། ཐབས། སྟོབས། སྨོན་ལམ། ཡེ་ཤེས་སོ། །
ཆོས་སྤྱོད་པ་རྣམ་པ་བཅུ་ (3)
Part of speech མིང་ཚིག
Definition ཡི་གེ་འབྲི་བ། མཆོད་པ་འབུལ་བ། སྦྱིན་པ་གཏོང་བ། ཆོས་ཉན་པ། ཀློག་པ། འཛིན་པ། རབ་ཏུ་སྟོན་པ། ཁ་ཏོན་བྱེད་པ། ཆོས་ཀྱི་དོན་སེམས་པ། ཆོས་ཀྱི་དོན་སྒོམ་པའོ། །
ཆོས་སྤྱོད་པ་རྣམ་པ་བཅུ་ (4)
Part of speech མིང་ཚིག
Definition རྟེན་གསུམ་བཞེངས་དང་སྲོག་འདོན་ཟམ་པ་འཛུགས། །མཆོད་སྦྱིན་ཁྲུས་དང་བསྐོར་བ་ཚུལ་ཁྲིམས་རྣམས། །འགྲོ་བ་དོན་ལ་བརྩོན་པ་ང་ཡི་སྲས། །ལུས་དེ་བོར་ནས་བདེ་བ་ཅན་དུ་སྐྱེ། །ཞེས་སྤྱན་རས་གཟིགས་ཀྱིས་གསུངས་སོ། །