18363

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 10:21, 14 September 2021 by Jeremi (talk | contribs) (CSV import MGD Import Part 2a)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཆོས་སྤྱོད་ལམ་རིམ་ཆེན་མོ་ (1)
Part of speech མིང་ཚིག
Definition ཐུགས་སྒྲུབ་ཡང་སྙིང་འདུས་པ་ལས། ཆོས་སྤྱོད་ལམ་རིམ་ཆེན་མོ། ཞེས་བྱ་བ་སྟེ། གཏེར་གཞུང་ལས། ཁོ་མོ་བདག་འདྲ་མཁར་ཆེན་མཚོ་རྒྱལ་གྱིས༔ སྒོ་གསུམ་འབད་ནས་གུ་རུའི་ཞབས་ཏོག་བགྱིས༔ སྣོད་དང་སྐལ་ལྡན་ཡིན་པར་རྗེས་བཟུང་ནས༔ ཟབ་མོའི་ཐུགས་བཅུད་ཟབ་མོའི་ཉིང་ཁུ་མནོས༔ ལེ་ལོར་མ་བཞག་དྲན་པའི་ལྕགས་ཀྱུས་བཟུང༔ གསང་རྒྱས་བཏབ་ནས་རིན་ཆེན་གཏེར་དུ་སྦས༔ ནམ་ཞིག་དུས་ཀྱི་ཐ་མར་གྱུར་པའི་ཚེ༔ གུ་རུའི་ཐུགས་སྲས་ཤེས་རབ་བློ་ལྡན་པའི༔ སྐལ་ལྡན་ལས་ཅན་གཅིག་དང་འཕྲད་པར་ཤོག༔ ཅེས་གསུངས་པ་ལྟར། གཏེར་ཆེན་རཏྣ་གླིང་པས་ས་རྟའི་ལོ་ལ་གྲུ་ཤུལ་ཆོས་རྫོང་དགོན་པར་ཤོག་སེར་ལས་བཤུས། འདིའི་ནང་དོན་བརྗོད་བྱ་ནི། གུ་རུ་ཉིད་འབྲི་ཐང་ཀོ་རོ་བྲག་ཏུ་བཞུགས་སྐབས་མཁར་ཆེན་བཟའ་ཡིས་ཡང་གསང་བླ་མའི་སྒྲུབ་པའི་ཆ་རྐྱེན་དུ་ཆོས་སྤྱོད་ཀྱི་རིམ་པ་ཞིག་གནང་བར་ཞུས་པ་བཞིན། སྔོན་འགྲོའི་ཆོས་བློ་ལྡོག་རྣམ་བཞི་སོགས་བདུན་དང་། དངོས་གཞིའི་ཆོས་བསྐྱེད་རིམ་དང་རྫོགས་རིམ། ལྟ་སྒོམ་སྤྱོད་གསུམ། འབྲས་བུ་ཐོབ་ཚུལ་བཅས་དྲུག་དང་། རྗེས་ཀྱི་ཆོས་ལམ་ཐམས་ཅད་ཀྱི་ཁ་སྐོང་ངམ་ཆ་རྐྱེན་དུ་ཞི་དྲག་གི་སྲུང་འཁོར་སྒོམ་པ་བཅས་ཆོས་སྤྱོད་ལམ་གྱི་རིམ་པ་བསྟན།