18464

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 10:22, 14 September 2021 by Jeremi (talk | contribs) (CSV import MGD Import Part 2a)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཇ་ཤིང་ (1)
Part of speech མིང་ཚིག
Definition ཇ་འབྱུང་སའི་རིགས་ཀྱི་ཤིང་ཞིག་སྟེ། སྡོང་པོའི་ཆེ་ཆུང་དང་སྐྱེ་དབྱིབས་སོགས་བ་ལུ་དང་ཕྱོགས་འདྲ་བ། ཡལ་ག་མང་ཞིང་ཡལ་ཕྲན་གསར་པར་སྤུ་འཇམ་ཡོད་ལ་རྒས་ན་མེད་པར་འགྱུར། ལོ་མ་ཁེར་རྐྱང་རེས་མོས་སུ་སྐྱེ་བ། ལོ་ལྷེབ་འཇོང་དབྱིབས་རྩེ་རལ་གྲི་འདྲ་བ་ཅུང་ཟད་མཐུག་ཅིང་། མཐའ་ཟུར་སོག་ལེའི་ཁ་ཞིབ་ཅན་མདུན་ལྗང་ནག་འཇལ་འོད་དང་ལྡན་ཞིང་སྤུ་མེད་པ། རྒྱབ་ལྗོངས་སྐྱ་ལ་སྒྲོ་དབྱིབས་ཀྱི་རྩ་རིས་ཡོད་པ། ལོ་མ་གཞོན་དུས་སྤུ་འཇམ་ཐུང་ངུ་ཡོད་པ། ལོ་རྐང་ཐུང་ལ་ལེབ་མོ་ཡིན་པ། ཟླ་བ་བཅུ་པའི་ཚེས་བཅུ་གཅིག་པའི་ནང་ལོ་མའི་མཆན་ཁུང་ནས་མེ་ཏོག་དཀར་པོ་འདབ་མ་ལྔ་ཅན་སེ་བའི་མེ་ཏོག་འདྲ་བ་བཞད་པ། ལོ་རྗེས་མར་འབྲས་བུ་ཁམ་སྨུག་སུམ་འབྱར་མ་འདོགས་པ། འདི་བཏབ་ནས་ལོ་གསུམ་ལོན་དུས་ལོ་མ་གཅོད་ཆོག་པ་དང༌། ལོ་གཅིག་ལ་ཐེངས་བཞི་ཙམ་གཅོད་པ་སྟེ། དྭངས་གསལ་ཟླ་བ་བཞི་པའི་ཚེས་བཞིའི་སྔོན་དུ་བཅད་པ་ལ་མིན་ཆན་དང༌། ཆར་དུས་མ་ཟིན་སྔོན་དུ་བཅད་པ་ལ་ཡུས་ཆན་ཞེས་པ་སོགས་རིམ་པས་གོང་མ་མཆོག་དང་ཕྱི་མ་དམན་པ་ཡིན། ལོ་མ་བཏུས་ཏེ་མ་རུལ་བར་བསིལ་སར་བསྐམས་ནས་སྨན་དུ་སྤྱོད་རྒྱུ། རོ་མངར་ཁ་བསྐ་བ། ཞུ་རྗེས་མངར་བ། ནུས་པ་བསིལ་ལ་ཡང་ཞིང་རྩུབ་པས་རྒྱ་གར་ནག་སོགས་ཡུལ་གྱི་ཚད་པ་སེལ་བ་དང༌། མིག་སོགས་དབང་པོ་གསལ་ལ་དང་ག་འབྱེད་ཅིང༌། སྐོམ་དད་སེལ་བར་བྱེད་པ་ཞིག་ཡིན།
Keyword True