18535
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ས་སྐྱ། མཚན་རྒྱས་པར། ཕུང་ཁམས་སྐྱེ་མཆེད་ཀྱི་རྣམ་གཞག་ཇི་སྙེད་ཤེས་བྱའི་སྒོ་འབྱེད་ཅེས་བྱ་བ། བརྗོད་བྱ་ནི་སྡོམ་ལས། ཆོས་གསུམ་གསུངས་པའི་དགོས་པ་དང་། །ཆོས་གསུམ་སྤྱི་ཡི་རྣམ་གཞག་དང་། །ཕུང་པོའི་དཀའ་གནས་བྱེ་བྲག་ཏུ། །བཤད་པ་གསུམ་གྱིས་དོན་འདི་བསྡུས། །ཞེས་པ་ལྟར་ཕུང་ཁམས་སྐྱེ་མཆེད་གསུམ་གྱི་རྣམ་གཞག་མངོན་པ་གོང་མའི་ལུགས་གཙོ་བོར་བྱས་ནས་སྟོན་པའི་བསྟན་བཅོས་ཤིག་མཚན་ཏེ། ཀུན་མཁྱེན་གོ་བོ་རབ་འབྱམས་པ་བསོད་ནམས་སེངྒེས་རབ་བྱུང་བརྒྱད་པའི་ཆུ་ཕོ་འབྲུག་ཕྱི་ལོ་ ༡༤༧༢ ལ་མཛད། |
| Domain | ཆོས་ལུགས། |