18543
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རྒྱལ་པོ་འདིའི་ཆུང་དུས་ཀྱི་མཚན་ལ་ཐེ་མུ་ཅེན་ཟེར། རབ་བྱུང་གསུམ་པའི་ཆུ་རྟ་ཕྱི་ལོ་ ༡༡༦༢ ལ་སྐུ་འཁྲུངས། རང་ལོ་ཉེར་བརྒྱད་རབ་བྱུང་གསུམ་པའི་ས་བྱ་ཕྱི་ལོ་ ༡༡༨༩ ལོར་ཁེར་ལུན་མུ་རན་གྱི་འགྲམ་གྱི་སྡེ་ཁྲི་ཕྲག་བཞི་བཅུའི་རྒྱལ་པོར་གྱུར་པས། མཚན་ལ་ཆིང་གེ་སེ་ཁཱང་གསོལ། རྒྱལ་པོ་འདིའི་དྲག་པོའི་སྟོབས་ཤུགས་རྒྱ་ཇེ་ཆེར་སོང་ནས་རྒྱལ་ཁབ་ཀྱི་རྒྱ་བསྐྱེད། ནུབ་ཕྱོགས་སུ་ཀ་སྤུལ་དང༌། པར་ཤི་ཡ། ཏུར་ཀི་ཏུ་རུཀྵ་སོགས་རིམ་པས་བླངས། མེ་ཡོས་ཕྱི་ལོ་ ༡༢༠༧ ལོ་ཙམ་ལ་རྒྱལ་པོ་འདིའི་དབང་ཤུགས་ནུབ་ཕྱོགས་ཧང་གྷ་རིའི་ཡུལ་གྱི་ནང་བར་སླེབས། ཨི་ཊ་ལི་དང༌། འཇར་མན་དང༌། ཧྤ་རན་སིའི་ཡུལ་མི་རྣམས་ཀྱང་རྒྱལ་པོ་འདིའི་དྲག་ཤུགས་འཇིགས་སྣང་བྱེད་དགོས་པ་བྱུང་བས། ནུབ་ཕྱོགས་པ་ཚོས་ཕྲུ་གུ་རྣམས་ལའང་སོག་པོ་སླེབ་ཡོང་ཞེས་འཇིགས་བསྐུལ་བྱེད་དགོས་པ་ཞིག་ཆགས་པ་རེད། བྱང་ཕྱོགས་ནི། ཨུ་རུ་སུའི་ས་ཆ་མང་པོར་དབང་བསྒྱུར། ཤར་ཕྱོགས་མན་ཇུ་རི་དང༌། ལྷོ་ཕྱོགས་ཤུའུ་རྔན་དང༌། སི་ཁྲོན་སོགས་རིམ་ཟོས་ཀྱིས་མཐར་རྒྱ་ནག་ཡོངས་རྫོགས་ལ་དབང་བསྒྱུར། བོད་ཀྱི་ས་ཆ་དང༌། རྒྱ་གར་གྱི་ས་སྡེ་གྷིལ་གི་ཊ་དང༌། སྤེ་ཤ་ཧོར་ཕྱོགས་སུའང་དྲག་པོའི་དབང་ཤུགས་སླེབས། རབ་བྱུང་བཞི་པའི་མེ་ཕག་ཕྱི་ལོ་ ༡༢༢༧ ལོར་འདས། |