18555

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 10:22, 14 September 2021 by Jeremi (talk | contribs) (CSV import MGD Import Part 2a)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཇུ་ནང་ངག་དབང་སྙན་གྲགས་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་གསུམ་པའི་མེ་ཁྱི་ཕྱི་ལོ་ ༡༧༦༦ ལོར་མཚོ་སྔོན་གཡོན་རུ་ཇུ་ནང་ཇ་སག་གི་མངའ་ཞབས་སུ་འཁྲུངས། བཅུ་གསུམ་པར་བྱ་ཁྱུང་དགོན་པ་ཞུགས། སློབ་གཉེར་གནང་། སྔོན་རྗེས་སུ་རྐ་ཕུག་གྲུབ་ཆེན་དང་། ཐུའུ་བཀྭན་རིན་པོ་ཆེ། གུང་ཐང་འཇམ་པའི་དབྱངས། ཨ་རིག་དགེ་བཤེས་ཆེན་མོ། རྗེ་གསེར་ཁང་བ་སོགས་བསྟེན། མདོ་སྔགས་རིག་གནས་ཀུན་ལ་སྦྱངས། རྐ་ཕུག་རིན་པོ་ཆེའི་ཐུགས་སྲས་སུ་གྱུར། ང་དགུ་བ་རབ་བྱུང་བཅུ་བཞི་པའི་ཤིང་སྤྲེལ་ཕྱི་ལོ་ ༡༨༢༤ ལོར་བྱ་ཁྱུང་དགོན་པའི་ཁྲིར་བཞུགས། ལོ་བརྒྱད་རིང་འཆད་ཉན་བསྐྱངས། གེགས་དབང་གིས་ཚོགས་ཆེན་འདུ་ཁང་ལ་མེ་དགྲ་བྱུང་བས་སྤྱི་རྫས་སོགས་ལ་ཉམས་ཆག་བྱུང། རེ་བདུན་པ་རབ་བྱུང་བཅུ་བཞི་པའི་ཆུ་འབྲུག་ཕྱི་ལོ་ ༡༨༣༢ ལོར་ཁྲི་ཟུར། དོན་དྲུག་པ་རབ་བྱུང་བཅུ་བཞི་པའི་ལྕགས་གླང་ཕྱི་ལོ་ ༡༨༤༡ ལོར་སྐུ་གཤེགས། བྱ་ཁྱུང་མཁན་རབས་ལ་སོགས་པའི་བརྩམས་ཆོས་འགའ་བཞུགས། བྱ་ཁྱུང་དགོན་པའི་མཁན་རབས་ང་བརྒྱད་པ་ཡིན།