18604
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཇོ་ནང་། ཇོ་ནང་ཐོག་མའི་བླ་མ་རྣམ་གསུམ་ཞེས་པ་ནི། ཞིང་ཀུན་སྤངས་ཐུགས་རྗེ་བརྩོན་འགྲུས་དང་། ཁོང་གི་དངོས་སློབ་བྱང་སེམས་རྒྱལ་བ་ཡེ་ཤེས། དེ་གཉིས་ཀྱི་དངོས་སློབ་མཁས་བཙུན་ཡོན་ཏན་རྒྱ་མཚོ་བཅས་ཡིན་ཏེ། ཇོ་ནང་རྗེ་བཙུན་ཡོན་ཏན་བཟང་པོ་མཆོག་གིས་མཛད་པའི་དཔལ་ཇོ་ནང་པའི་ཆོས་འབྱུང་གསལ་བྱེད་ནོར་བུའི་མེ་ལུང་ནང་ “ཀུན་སྤངས་ཀུན་ཏུ་བཟང་པོ། བྱང་སེམས་རྒྱལ་བ་ཡེ་ཤེས། མཁས་བཙུན་ཡོན་ཏན་རྒྱ་མཚོ་གསུམ་ལ་ཇོ་ནང་ཐོག་མའི་བླ་མ་རྣམ་གསུམ་དུ་གྲགས། ” ཞེས་གསུངས། |
| Domain | ལོ་རྒྱུས། |