18607
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རབ་བྱུང་ལྔ་པའི་མེ་རྟ་ཕྱི་ལོ་ ༡༣༠༦ ལོར་ཡུལ་མངའ་རིས་སུ་འཁྲུངས། གཞོན་དུས་ནས་དབུས་སུ་བྱོན། ཆོས་འཁོར་གླིང་དུ་ཕར་ཚད་སོགས་མཚན་ཉིད་ཀྱི་སྡེ་སྣོད་ལ་སྦྱངས། དབུས་གཙང་གཉིས་ཀར་གྲྭ་སྐོར་མཛད། ཀུན་མཁྱེན་ཤེས་རབ་རྒྱལ་མཚན་དང་མཇལ། ཇོ་མོ་ནང་དུ་ཕེབས། དུས་འཁོར་གྱི་དབང་རྒྱུད་བཤད་པ་མན་ངག་དང་བཅས་པ་ཞུས། མན་ངག་ཉམས་སུ་བཞེས། ངམ་རིངས་ཀྱི་ཆོས་སྡེ་བཏབ། ཕར་ཚད་གཙོ་བོར་གྱུར་པའི་སྡེ་སྣོད་ཀྱི་བཤད་པ་ཡུན་རིང་དུ་མཛད། ངམ་རིང་གི་གདན་ས་བསྟན་པའི་རྒྱལ་མཚན་ལ་གཏད། ཇོ་ནང་གི་གདན་སར་རབ་བྱུང་དྲུག་པའི་ཤིང་རྟ་ཕྱི་ལོ་ ༡༣༥༤ ལོར་ཕེབས། ཚོགས་པ་ལོ་ལྔའི་རིང་བསྐྱངས། དབུས་སུ་བྱོན། འཚལ་དབུས་གླིང་དུ་དུས་འཁོར་གྱི་དབང་རྒྱུད་བཤད་མན་ངག་གི་ཁྲིད་རྣམས་སུངས། ཡར་ཀླུང་ཕྱོགས་སུ་ཕེབས། ལོ་ཙཱ་བ་བྱང་ཆུབ་རྩེ་མོས་དུས་ཀྱི་འཁོར་ལོའི་མཆོག་དབང་གསན། ཁྲ་འབྲུག་སོགས་ལ་བཞུགས། གཙང་གི་སེ་མཁར་ཆུང་དུ་བཞུགས། སློབ་མ་མང་པོར་ཆོས་སྦྱིན་གནང་། རྗེ་ཙོང་ཁ་པ་ཆེན་པོས་དུས་ཀྱི་འཁོར་ལོའི་དབང་ཁྲིད་གསན། གྱ་གཅིག་པ་རབ་བྱུང་དྲུག་པའི་མེ་སྟག་ཕྱི་ལོ་ ༡༣༨༦ ལོར་སྐུ་གཤེགས། སློབ་མ་མཆོག་ཏུ་གྱུར་པ་ནི་སངས་རྒྱས་རིན་ཆེན་ཡིན། ཇོ་ནང་དགོན་པའི་གདན་རབས་ལྔ་པ་ཡིན། ཕར་ཚད་ཀྱི་གཞུང་མང་པོ་བརྩམས། |