18631

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 10:22, 14 September 2021 by Jeremi (talk | contribs) (CSV import MGD Import Part 2a)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཇོ་མོ་གཞོན་ནུ་མ་ (1)
Part of speech མིང་ཚིག
Definition མ་ཇོ་ཉེར་བཞིའི་ཡ་གྱལ་ཏེ། དུས་རབས་བཅུ་གཅིག་པའི་སྨད་དུ་དབུ་རུ་སྟོད་ཀྱི་མར་ཡུལ་དུ་འཁྲུངས། གཞོན་ནུའི་སྐབས་ཕ་ཡི་རྗེས་སུ་འབྲངས་ཏེ། ལ་སྟོད་དིང་རིར་སླེབས། ཕ་དམ་པ་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཀུན་དགའ་ཡབ་སྲས་གཉིས་བསྟེན། ཞི་བྱེད་པའི་ཆོས་ཀྱི་གདམས་ངག་རྣམས་ཞུས། ལྐུགས་པའི་བརྟུལ་ཞུགས་བཟུང་སྟེ། ཉམས་རྟོགས་མངའ་བརྙེས། དགོངས་པ་ཆོས་དབྱིངས་སུ་གཤེགས། སྐུ་གདུང་ལས་རིང་བསྲེལ་མང་དུ་བྱོན། མ་ཇོ་ཉེར་བཞིའི་ལས་ཉེར་གསུམ་པ་ཡིན།