18638

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 10:22, 14 September 2021 by Jeremi (talk | contribs) (CSV import MGD Import Part 2a)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཇོ་མོ་དབང་ཕྱུག་ལྕམ་ (1)
Part of speech མིང་ཚིག
Definition མ་ཇོ་ཉེར་བཞིའི་ཡ་གྱལ་ཞིག་སྟེ། དུས་རབས་བཅུ་གཅིག་པའི་སྨད་དུ་སྟོད་ལུང་སྟོང་ཁུང་དུ་འཁྲུངས། གཞོན་དུས་ནས་བལ་ཡུལ་སོགས་ལ་གནས་མཇལ་དུ་ཕེབས། ཕ་ཡུལ་དུ་ཕེབས་པའི་ལམ་ཁ་ནས། ཕ་དམ་པ་སངས་རྒྱས་ཡབ་སྲས་ཀྱི་སྙན་གྲགས་ཐོས་ཏེ། ལ་སྟོད་དིང་རིའི་ཕྱོགས་སུ་ཕེབས། ཕ་དམ་པ་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཀུན་དགའ་གཉིས་བསྟེན། ཞི་བྱེད་པའི་ཆོས་ཀྱི་གདམས་ངག་དང་། གྲུབ་མཐའི་ལྟ་བ་ཀུན་ལ་སྦྱངས། གདམས་པའི་གནད་ཐམས་ཅད་ཕྱོགས་གཅིག་ཏུ་དྲིལ། ལོ་བཅུ་གཅིག་རིང་སྒྲུབ་པ་ཉམས་ལེན་མཛད། གླང་འཁོར་དུ་བཞུགས་ནས་སྐུ་གཤེགས་སྐབས་འདས་ཏེ་རྟགས་བཟང་པོ་བྱུང༌།