18643

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 10:22, 14 September 2021 by Jeremi (talk | contribs) (CSV import MGD Import Part 2a)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཇོ་མོ་བདེ་ཆེན་དགོན་ (1)
Part of speech མིང་ཚིག
Definition ཇོ་མོ་བདེ་ཆེན་དགོན་ནི་རབ་བྱུང་བཅུ་གསུམ་པར་ཉག་བླ་གྲུབ་ཆེན་པདྨ་བདུད་འདུལ་གྱིས་ལུང་བསྟན་ཏེ། ཁོང་གི་ཐུགས་བཀོད་ལྟར་ཇོ་མོ་བདེ་ཆེན་དགོན་ཞེས་མཚན་གསོལ། ཇོ་མོ་རིན་ཆེན་སྒྲོལ་མ། ཨ་སྒྲོན། ལྕགས་ལི། ཀརྨ་སྒྲོལ་མ་སོགས་ཇོ་མོ་བརྒྱད་ཀྱིས་གཙུག་ལག་ཁང་བཞེངས། བླ་མ་རྡོ་རྗེ་དཔལ་ལྡན་གྱིས་དགོན་བདག་མཛད། ཟླ་རེའི་ཚེས་བརྒྱད་ལ་སྒྲོལ་མཆོད་རྒྱུན་ལྡན་གསུངས། ལྷ་བཟོ་བླ་མ་རིག་འཛིན་གར་གྱི་དབང་ཕྱུག་གིས་བདེ་ཆེན་ཞིང་སྒྲུབ་ཀྱི་བསྟན་རྩ་གནང་ནས་ཟླ་བ་དང་པོ་འབུམ་འགྱུར་ལ་ཞིང་སྒྲུབ་ཉིན་བདུན་དང་། ས་ག་ཟླ་བར་སྙུང་གནས་ཆ་གསུམ། བཅུ་བར་འདས་མཆོད་ཉིན་གཅིག་བཅས་དུས་མཆོད་དང་། དུས་འགྱུར་སྐབས་སུ་གཙུག་ལག་ཁང་བཅས་མིང་གི་ལྷག་མར་གྱུར། དེང་སྐབས་དགོན་པ་བསྐྱར་བཞེངས་བྱེད་མགོ་བརྩམས། རྒྱུན་བཞུགས་གྲྭ་པ་བདུན་བཅུ་ཡོད།