18648
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མ་ཇོ་ཉེར་བཞིའི་ཡ་གྱལ་ཞིག་སྟེ། དུས་རབས་བཅུ་གཅིག་པའི་དཀྱིལ་དུ་རྩང་རོང་དུ་འཁྲུངས། གཞོན་དུས་སུ་ཁྱིམ་ཐབ་མཛད། ཁྱོ་བོ་གདུག་རྩུབ་ཅན་ཞིག་བྱུང་ནས་སོ་སོར་གྱེས། དིང་རིར་ཕེབས། ཕ་དམ་པ་དང་མཇལ། ཞི་བྱེད་ཀྱི་གདམས་ངག་ལོ་བདུན་རིང་ཞུས། ཉམས་རྟོགས་མངོན་དུ་གྱུར། ཞིང་དུ་གཤེགས་སྐབས་སྤུར་ཁང་ལ་ཕ་དམ་པས་བསྐོར་མཛད། སློབ་མ་ཐམས་ཅད་ངོ་མཚར་སྐྱེས། རིང་བསྲེལ་ཡང་མང་དུ་བྱོན། |