18649

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 10:22, 14 September 2021 by Jeremi (talk | contribs) (CSV import MGD Import Part 2a)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཇོ་མོ་རོ་ཟན་མ་ (1)
Part of speech མིང་ཚིག
Definition མ་ཇོ་ཉེར་བཞིའི་ཡ་གྱལ་ཞིག་སྟེ། དུས་རབས་བཅུ་གཅིག་པའི་སྨད་དུ་གུང་ཐང་ལ་འཁྲུངས། ཆུང་དུས་ནས་རྣམ་དཔྱོད་ཆེ། སྐྱེ་འབྲས་བཟང། དར་བབས་ལང་ཚོའི་དུས་བླ་མ་རྒྱ་སྒོམ་པའི་རིག་མ་མཛད། བླ་མ་རྒྱ་སྒོམ་དང་ལྷན་སྟོད་དིང་རིར་ཕེབས། ཕ་དམ་པ་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཀུན་དགའ་ཡབ་སྲས་གཉིས་བསྟེན། ཞི་བྱེད་པའི་ཆོས་ཀྱི་གདམས་ངག་རྣམས་ཞུས། ཉམས་རྟོགས་མངོན་དུ་ཤར། གུང་ཐང་དུ་ཕེབས། དགོངས་པ་ཆོས་དབྱིངས་སུ་གཤེགས། སྤུར་སྦྱངས་སྐབས་དུ་བ་འཇའ་འོད་དུ་གྱུར། ཡུལ་མི་ཀུན་ངོ་མཚར་སྐྱེས། མ་ཇོ་ཉེར་བཞིའི་ཉེར་གཅིག་པ་ཡིན།