18661
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཇོ་ཡེས་མཆོག་ནི། ཆོས་རྗེ་གཙང་པ་རྒྱ་རས། ཧ་བོ་གངས་སུ་རོ་སྙོམ་སྐོར་དྲུག་གི་ཆོས་སྒོ་ཐོག་མར་ཕྱེ་བའི་ཚེ་སློབ་མའི་གཙོ་བོ་དང་། མགོན་པོའི་སྒྲུབ་ཐབས་རྣམས་ཀྱི་སྐུལ་བ་པོ་དང་། ཆོས་རྗེའི་བཀའི་སྡུད་པ་པོ་ཡིན་པས་གདམས་ངག་ཆེ། ཚེ་བློས་བཏང་གིས་རི་ཁྲོད་འགྲིམ་ཞིང་རླུང་སེམས་ལ་དབང་འབྱོར། སྣང་བ་བདེན་མེད་དུ་རྟོགས་པས་རྫུ་འཕྲུལ་ལ་མངའ་བརྙེས། ཁོང་ལ་སྤྱི་སྟོན་དང་། དབྱར་རས་སོགས་སློབ་མ་མང་། གྲར་དགའ་ལྡན་བཏབ་བོ། ། |