18693

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 10:22, 14 September 2021 by Jeremi (talk | contribs) (CSV import MGD Import Part 2a)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཉ་དབོན་ཀུན་དགའ་དཔལ་བ་ (1)
Part of speech མིང་ཚིག
Definition རབ་བྱུང་དྲུག་པའི་ཤིང་བྱ་ཕྱི་ལོ་ ༡༣༤༥ ལོར་སྐུ་འཁྲུངས། ཇོ་ནང་དོལ་བུ་བ་ཤེས་རབ་རྒྱལ་མཚན་སོགས་བཤེས་གཉེན་མང་པོ་བསྟེན། མདོ་སྔགས་རིག་གནས་ཀུན་ལ་སྦྱངས། ལྷག་དུ་ཕར་ཕྱིན་གྱི་གཞུང་ལ་ཤིན་ཏུ་མཁས། རབ་བྱུང་དྲུག་པའི་མེ་འབྲུག་ཕྱི་ལོ་ ༡༣༧༦ ལོར་རྗེ་ཙོང་ཁ་བ་ཆེན་པོས་ཕར་ཕྱིན་གྱི་ཆོས་སྐོར་རྣམས་གསན། རྗེ་ཙོང་ཁ་བར་ངེད་ཀྱི་སློབ་མ་རེད་མདའ་བ་འདི་བློ་གྲོས་ཅན་མངོན་པ་ལ་ཤིན་ཏུ་མ་ཁས་པ་ཞིག་ཡོད་པས་ཁྱོད་རང་ཡང་འདི་ལ་ཉན་ན་འཐད་ཅེས་གསུངས། རྗེ་རིན་པོ་ཆེར་རྗེ་བཙུན་རེད་མདའ་བ་མཚམས་སྦྱར་གནང་། རབ་བྱུང་བདུན་པའི་ས་ལུག་ཕྱི་ལོ་ ༡༤༣༩ ལོར་སྐུ་གཤེགས། སློབ་མ་གྲགས་ཆེ་བ་ནི་རེད་མདའ་བ་གཞོན་ནུ་བློ་གྲོས་དང་། ཙོང་ཁ་བ་བློ་བཟང་གྲགས་པ་གཉིས་ཡིན། གསུང་རྩོམ་ནི་སྙན་ངག་དོན་རྒྱན་གསལ་བའི་མེ་ལོང་དང་། ཕར་ཕྱིན་གྱི་ཊཱིཀྐ་ཡིད་ཀྱི་མུན་སེལ་བཅས་པ་བཞུགས།