From Rangjung Yeshe Wiki - Dharma Dictionary
< Dictionaries | Monlam Grand(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
ཉ་ཕྱིས་ (1)
| Part of speech
|
མིང་ཚིག
|
| Definition
|
སྐོགས་ཤུན་ནང་དུ་མུ་ཏིག་ཆགས་པའི་མཚོར་གནས་ཀྱི་སྲོག་ཆགས་ཤིག་སྟེ། ཁ་ཟས་སུ་བྱེད།
|
| Synonyms
|
ཤུཀྟི། གྲོལ་བ་ཅན། ཉ་སྐྱོགས། དུག་གིས་མི་བརྫིའི་སྣོད། མུ་ཏིག་སྐྱེ་གནས། མུ་ཏིག་སྐྱེད། མུ་ཏིག་འབྱུང་གནས། མུ་ཏིག་མ། མུ་ཏིག་ཤུན་པ།
|
ཉ་ཕྱིས་ (2)
| Part of speech
|
མིང་ཚིག
|
| Definition
|
ཉ་ཕྱིས་ཀྱི་སྐོགས་ཤུན་མཁྲེགས་པོ་དེའི་མིང༌སྟེ། ཉ་ཕྱིས་བཟང་པོའི་རིགས་རྣམས་བཟའ་བཏུང་བྱེད་སའི་སྣོད་དུ་བེད་སྤྱོད་བྱས་ན། ཟས་དུག་སེལ་བའི་རིན་པོ་ཆེའི་སྣོད་ཅིག་ཡིན་པར་གྲགས་ཏེ། ཀློང་རྡོལ་བླ་མའི་རིན་པོ་ཆེ་བརྟག་ཐབས་ལས། ཉ་ཕྱིས་བཟང་བ་བཟའ་བཏུང་གང་བྱས་རྣམས། །དུག་ཏུ་མི་འགྱུར་རིན་ཆེན་སྣོད་དང་ནི། །དུང་དཀར་དབྱིབས་སོགས་རབ་འབྲིང་ཐ་གསུམ་ཡོད། །ཅེས་གསུངས།
|
ཉ་ཕྱིས་ (3)
| Part of speech
|
མིང་ཚིག
|
| Definition
|
རིན་པོ་ཆེའི་སྨན་གྱི་རིགས་ཤིག་སྟེ། རོ་བསྐ། ཞུ་རྗེས་བསིལ། ནུས་པས་ཀླད་སྐྱོན་གསོ། རྩ་དཀར་གྱི་ནད་སེལ། དུག་ནད་འཇོམས།
|