19104
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | དགེ་སློང་གི་ཁྲིམས་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་གྱི་ནང་གསེས་ལྟུང་བྱེད་འབའ་ཞིག་པ་དགུ་བཅུའི་ཡ་གྱལ་ཞིག་སྟེ། གླེང་གཞི་ནི་མཉན་ཡོད་དུ་འཆར་ཀས་བདག་སོང་ལ་བལྟའོ་སྙམ་ནས་ཉལ་པོ་བྱེད་པའི་ཁྱིམ་དུ་འགྲེང་བ་ལས་ལྟུང་བྱེད་དུ་བཅས་ཤིང་། དགག་བྱ་དང་ངོ་ཏི་ཡན་ལག་རྣམས་ཉལ་པོ་བྱེད་པའི་ཁྱིམ་དུས་གནས་པའི་ལྟུང་བྱེད་དང་འདྲ་བ་ལས། ཁྱད་པར་ནི་འདུག་ནའོ་ཞེས་པའི་གནས་སུ་འགྲེང་ནའོ་ཞེས་གསུངས་ལ། སྔར་སྐྱབས་མེད་པ་ལ་མངོན་སུམ་དུ་ཞེས་པའི་གནས་སུ་འདིར་ནི་དེ་གཉིས་དང་དགེ་སློང་གི་བར་ན་སྐྱབས་ཡོད་པར་རོ་ཞེས་པ་དང་དབེན་པར་ཞེས་གསུངས། |
Domain | ཆོས་ལུགས། |
{{#arraymap:ཉལ་པོ་བྱེད་པའི་ཁྱིམ་དུ་འགྲེང་བའི་ལྟུང་བྱེད་
|; |@@@ | | }}