19174

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 10:25, 14 September 2021 by Jeremi (talk | contribs) (CSV import MGD Import Part 2a)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཉི་མ་ནག་ཆུང་ (1)
Part of speech མིང་ཚིག
Definition ས་བདག་བྱ་མ་གུང་རྒྱལ་ཞེས་བྱ་བ་རྒྱུ་བའི་དུས་ཏེ། དཔྱིད་རའི་ཚེས་བརྒྱད་དང་། དཔྱིད་འབྲིང་གི་ཚེས་བཅོ་བརྒྱད། དཔྱིད་ཐའི་ཚེས་ཉེར་བརྒྱད་བཅས་ནི་དཔྱིད་དུས་ཀྱི་ཉི་མ་ནག་ཆུང་གསུམ་ཡིན། དབྱར་རའི་ཚེས་ལྔ་དང་། དབྱར་འབྲིང་གི་ཚེས་བཅོ་ལྔ། དབྱར་ཐའི་ཚེས་ཉེར་ལྔ་བཅས་ནི་དབྱར་དུས་ཀྱི་ཉི་མ་ནག་ཆུང་གསུམ་ཡིན། སྟོན་རའི་ཚེས་གཅིག་དང་། སྟོན་འབྲིང་གི་ཚེས་བཅུ་གཅིག སྟོན་ཐའི་ཚེས་ཉེར་གཅིག་བཅས་ནི་སྟོན་དུས་ཀྱི་ཉི་མ་ནག་ཆུང་གསུམ་ཡིན། དགུན་རའི་ཚེས་བཞི་དང་། དགུན་འབྲིང་གི་ཚེས་བཅོ་བརྒྱད། དགུན་ཐའི་ཚེས་བཅུ་དྲུག་བཅས་ནི་དགུན་དུས་ཀྱི་ཉི་མ་ནག་ཆུང་གསུམ་ཡིན། འདི་ལྟར་དུས་རེ་ལ་གསུམ་གསུམ་བྱས་ཏེ་ལོ་གཅིག་ལ་ས་བདག་དེ་རྒྱུ་བའི་ཚེས་ཉི་མ་ནག་ཆུང་ཞེས་པ་བཅུ་གཉིས་ཡོད་ཅིང་། ཉི་མ་དེ་དག་ལ་གཤིན་དང་ཤིད་ལས། བག་མ་བསུ་སྐྱེལ། རབ་གནས་བྱེད་པ། སྟོན་མོ་བཤམས་པ་བཅས་དང་། ཁྱད་པར་དུ་ནོར་རྫས་ཕྱིར་གཏོང་བ་ལ་ངན་པས། དཀར་པོར་བསྒྱུར་ཐབས་ལ་མར་དཀར་གྱིས་གསུར་བཏང་ཞིང་ས་དཀར་ཐོག་དང་ས་དམར་ཕྱོགས་བཞིར་གཏོར་དགོས་པར་བཤད།
Domain རྩིས་རིག

{{#arraymap:ཉི་མ་ནག་ཆུང་

|; |@@@ | | }}