19233

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 10:25, 14 September 2021 by Jeremi (talk | contribs) (CSV import MGD Import Part 2a)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཉི་མའི་ནད་གདོན་ (1)
Part of speech མིང་ཚིག
Definition ནད་རྩིས་སྐབས་སུ་བརྩི་བྱ་ནད་པ་རྣམས་ན་དུས་ཀྱི་ཉི་མ་ནི་བྱི་བ་སོགས་ཉི་མ་བཅུ་གཉིས་ལས་གང་ཡིན་ལ་བརྟེན་ནས་ངོས་འཛིན་བྱེད་པའི་ནད་གདོན་ལ་ཟེར་བ་ཡིན། དེ་ཡང་ནད་པ་སུ་ཞིག་ན་དུས་ཀྱི་ཉི་མ་བྱི་བ་ཡིན་ན་ཚགས་ཚིགས་དང་སྐྲངས་འབུར་ན། གདོན་དུ་ལྷ་ཀླུ་མི་དགའ་ཞིང་ཐེའུ་བྲང་གནོད། ནད་པ་ཕོ་ཡིན་ན་ཡང་། མོ་ཡིན་ན་ལྕི། བཅོས་སུ་ལྷ་ཀླུ་མཆོད་ཅིང་ཐེའུ་རང་བཀར་དགོས། གླང་ཡིན་ན་སྙིང་རྩ་འདར་ལ་ལྡང་དུབ་བྱེད། ལྷུ་ཚིགས་ན་ཞིང་ལྕི། ཆུ་སེར་ཆེ། ཕྲུམ་སེར་ཁྱེར། ཐང་ཆད་ཅིང་ཀླད་པ་ན། གདོན་དུ་འཕུང་འདྲེ་དང་། བསེ་རགས། གྲེ་བོ། གྲེ་མོ་བཅས་གནོད། ནད་པ་ཕོ་ཡིན་ན་ཡང་། མོ་ཡིན་ན་ལྕི། བཅོས་སུ་འཕུང་སྲི་དང་བསེ་རགས་རང་གྲོལ་བྱ་དགོས། སྟག་ཡིན་ན་བྲང་རྒྱབ་དང་མཆན་ཁུང་གཟེར་ཞིང་ཁ་སྐམ་ལ་མཁལ་སྐེད་ན། གདོན་དུ་གྲེ་མོ་དང་། ཐེའུ་རང་། བྱང་ཕྱོགས་ཀྱི་ལྷ་ཀླུ་གཉན་པོ་གནོད། ནད་པ་ཕོ་ཡིན་ན་ལྕི། མོ་ཡིན་ན་ཡང་། བཅོས་སུ་ཀླུ་ཆོག་དང་། ལྷ་བསང་། གྲེ་བོ་གནོན་དགོས། ཡོས་ཡིན་ན་ཀླད་རྐེད་དང་ཁོང་པ་ན་ཞིང་ཀྱང་དམར། གདོན་དུ་རྒྱལ་པོ་དང་། ཐེའུ་རང་། འཕུང་སྲི། ཀླུ་སྲིན། གྲེ་མོ་བཅས་གནོད། ནད་པ་ཕོ་ཡིན་ན་ཡང་། མོ་ཡིན་ན་ལྕི། བཅོས་སུ་རྒྱལ་མདོས་དང་ཀླུ་སྲིན་དགུ་འདུམས་བྱ་དགོས། འབྲུག་ཡིན་ན་ནད་ཚབས་ཆེ་ཞིང་ཀླད་པ་ན། གློ་སྙིང་ནང་ཁྲོལ་དང་མཁལ་རྐེད་མི་བདེ། སེམས་མྱོས་ཤིང་འཁྲུ་བ་བག་རེ་འོང་། གདོན་དུ་ཐབ་གཞོབ་ཀྱིས་ཁྲོས་པའི་ལྷ་དང་གྲེ་མོ་གནོད། ནད་པ་ཕོ་ཡིན་ན་ལྕི། མོ་ཡིན་ན་ཡང་། བཅོས་སུ་བསང་གཏོང་བ་དང་། གྲེ་མནན་བཅས་བྱ་དགོས། སྦྲུལ་ཡིན་ན་ཀླད་བྲང་དང་རྩིབ་ལོགས་མིག་རུས་ན་ཞིང་མི་དད་ཆུང་། ཡང་ན་རྐང་ལག་ཚིགས་གཞི་ན་ཞིང་ཟས་གོས་མི་འདོད། ལྡང་དུབ་བྱེད་ཅིང་ན་ཡུན་རིང་། གདོན་དུ་ཤིང་སྐམ་དང་རྩྭ་ལ་གནས་པའི་ཀླུ་དང་། གཉན་འདྲེ། གྲེ་བོ་བཅས་གནོད། ནད་པ་ཕོ་ཡིན་ན་ཡང་། མོ་ཡིན་ན་ལྕི། བཅོས་སུ་ས་བདག་གདོན་གྲོལ་དང་ཀླུ་བཅོས་བྱ་དགོས། རྟ་ཡིན་ན་ཡར་ཟུར་མར་གཟེར་རྔམས་པས་བརྒྱལ་ཞིང་སྙིང་མི་དགའ། ཁོང་ཚ་ལ་ཕྱི་རུ་གྲང་། རྐང་ལག་ཀླད་པ་ན་ཞིང་མིག་ཀྱང་སྦྲིད། གདོན་དུ་མི་དགའ་བའི་ལྷ་དང་། ཐེའུ་རང་། གྲེ་བོ། གྲེ་མོ་བཅས་གནོད། ནད་པ་ཕོ་ཡིན་ན་ལྕི། མོ་ཡིན་ན་ཡང་། བཅོས་སུ་ལྷ་མཆོད་ཅིང་ཐེའུ་རང་བསྐྲད་དགོས། ལུག་ཡིན་ན་ཀླད་རྐེད་མཇིང་པ་ན་ཞིང་གཟེར་ཟུག་འབྱུང་། གདོན་དུ་ཐབ་བསླང་གྲེ་མོ་དང་། བསེ་རགས་གྲི་བཙན་བསྡོངས་པ་གནོད། ནད་པ་ཕོ་ཡིན་ན་ཡང་། མོ་ཡིན་ན་ལྕི། བཅོས་སུ་འགོང་བཀར་དང་མཚུན་གསོལ་བྱ་དགོས། ན་དུས་ཀྱི་ཉི་མ་ལྷག་མ་དག་ལ་ཡང་གང་ན་དང་ཅི་གནོད་བཅོས་གང་ཡིན་གསལ་ལོ། །
Domain རྩིས་རིག

{{#arraymap:ཉི་མའི་ནད་གདོན་

|; |@@@ | | }}