19304

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 10:26, 14 September 2021 by Jeremi (talk | contribs) (CSV import MGD Import Part 2a)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཉི་འོད་ཆོས་འཕེལ་རྫོང་ (1)
Part of speech མིང་ཚིག
Definition དགོན་འདི་བོད་མདོ་ཁམས་བྲག་གཡབ་ཀྱི་ཁོངས་སུ་ཡོད། ཐོག་མར་རྗེ་ལྷ་རྩེ་བ་ངག་དབང་བཟང་པོའི་དངོས་སློབ་ཕུལ་དུ་བྱུང་བའི་སློབ་མ་གསུམ་གྱི་ཡ་གྱལ། མདོ་ཁམས་པ་ཀརྨ་བསྟན་འཕེལ་མཆོག་ནས་རབ་བྱུང་བཅུ་པ་ཕྱི་ལོ་ ༡༦༢༥ ཙམ་ནས་སྒྲུབ་ཁང་སོགས་གསར་བཞེངས་མཛད་པ་ཞིག་ཡིན་ཅིང་། གནས་ཀྱི་ས་ཕྱོགས་ནི། མདོ་ཁམས་སྒང་དྲུག་ལས། དབུས་སྨར་ཁམས་ལྷ་སྒང་རིང་མོའི་ཆ་ཤས། བྲག་གཡབ་རྫོང་གི་ཁོངས་སུ་གཏོགས་པའི་གནས་ཀྱི་མིང་ལ། ཡུལ་མིའི་མིང་བླ་དྭགས་སུ་བཏགས་པ། ར་ལ་ཕུག་ཆུང་རྫོང་དང་། སྒྲུབ་གནས་ཀྱི་མཚན་དངོས། ཉི་འོད་ཆོས་འཕེལ་རྫོང་ངམ་མི་ཤིག་རྡོ་རྗེའི་ཡང་རྫོང་ཞེས་གྲགས། ཕྱི་ལོ་ ༡༦༢༥ ལོར་གཞི་ནས་སྒྲུབ་ཁང་སོགས་ཨར་ལས་ཚུགས། ཨེ་ཛཻཾ་དགོན་ནས་ཤིང་ཆ་སོགས་རོགས་རམ་རྒྱ་ཆེར་མཛད། ཨར་ལས་ལོ་ལྔའི་རིང་བྱས་ཀྱང་། ས་རྡོ་ཕྱི་ལོགས་ནས་ཕྲན་བུ་ཙམ་མ་གཏོགས་ས་རྡོ་ཆུ་རྣམས་ཕུག་པ་རང་ནས་སྤྱད་ཆོག་པ་བྱུང་བས་ལས་ཚེགས་ཆུང་ལ། གནས་བདག་བཟང་བས་མི་གཅིག་ལ་ཉིན་གཅིག་སྐྲག་དོགས་པའི་འགལ་རྐྱེན་ཙམ་ཡང་མ་བྱུང་བ་གསུངས་པ་སོགས་གསལ། དེ་བཞིན་རྗེ་འདི་ཉིད་ནས་ཚོགས་རྒྱ་དགོན་དང་། གནས་གསར་དགོན། བུམ་ཁང་ཞེས་པའི་དགོན་སོགས་གསར་བཞེངས་མཛད་པ་དང་། རྒྱ་མཚོ་རྣམ་གསུམ་དང་། རྒྱ་མཚོ་རྣམ་དྲུག་གི་གཙོས་པའི་རྒྱ་མཚོའི་མིང་ཅན་བཅུ་གསུམ་དུ་གྲགས་པ་བྱུང་ནས་མདོ་ཁམས་ཁུལ་དུ་དོན་བརྒྱུད་དཔལ་ལྡན་འབྲུག་པའི་བསྟན་པ་དབྱར་གྱི་རྩ་ལྟར་རྒྱས་ཏེ་ཕྱོགས་ཀུན་ཏུ་ཁྱབ་པ་ཞིག་བྱུང་བ་ནི་རྗེ་ཀརྨ་བསྟན་འཕེལ་གྱི་མཛད་འཕྲིན་ལས་བྱུང་བ་ཁོ་ན་ཡིན། སྒྲུབ་མཆོད་ཁག་གི་སྐོར། བོད་ཟླ་བཅུ་གཉིས་པའི་ནང་ཅོག་རོ་གཏོར་ཆེན་གོང་མའི་ཕྱག་ལེན་བཞིན་བཙུགས། བོད་ཟླ་དང་པོའི་ཚེས་འཕྲལ་རྔ་ཐུགས་འཛུགས་པ། རྟ་ཁྱི། གྱག་ལུགས་སོགས་ཀྱི་རྟེན་སྟག་རལ་དང་དར་སྣས་བརྒྱན་ཏེ། བསང་ཆེན་དང་བཅས་ལོ་རེ་བཞིན་དུ་འབུལ་རྒྱུའི་སྲོལ་བཙུགས། དམ་ཚིག་གཏོར་མ་རྗེ་བླ་མའི་ཕྱག་བཞེས་ཟིན་བྲིས་སོར་བཞག་ལྟར་བཙུགས། གཞན་ཡང་གོང་མའི་དུས་མཆོད་སྐབས། བླ་མ་མཆོད་པ། གུ་རུ་ཞི་དྲག བདེ་མཆོག་དྲུག་ཅུ་མ། འཇམ་དཔལ་ཚེ་བདག་ནག་པོའི་དཀྱིལ་ཆོག་ཁྲག་འཐུང་རོལ་པའི་དགའ་སྟོན། དགུ་ཆུང་ལྷ་མོའི་འབར་ཆོག ལས་གཤིན་སོགས་ཀྱི་དུས་གཏོར་ཡང་བཙུགས་ཞེས་རྣམ་ཐར་ལས་གསལ། དེང་སྐབས་སུ་སྒྲུབ་པར་བཞུགས་མཁན་རེ་གཉིས་ཁམས་སྒར་ནས་ཕེབས་པ་ལས། དེར་ཉམས་གསོ་དང་དགོན་པའི་དམིགས་ཡུལ་དུས་ཀྱི་རྐྱེན་པས་དཀའ་ཚེགས་ཆེ་བར་ལུས་ཡོད་འདུག

{{#arraymap:ཉི་འོད་ཆོས་འཕེལ་རྫོང་

|; |@@@ | | }}