19323

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 10:26, 14 September 2021 by Jeremi (talk | contribs) (CSV import MGD Import Part 2a)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཉི་ཤུ་མ་ལོན་པ་བསྙེན་རྫོགས་བྱེད་པའི་ལྟུང་བྱེད་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། གླེང་གཞི་ནི་སྦོམ་དགའ་མོས་ཁྱིམ་སོ་བཟུང་བ་ལོ་བཅུ་གཉིས་མ་ལོན་པ་དང་། གཞོན་ནུ་མ་ལོ་ཉི་ཤུ་མ་ལོན་པ་དག་བསྙེན་པར་རྫོགས་པ་ན། དོན་ཉུང་བའི་དགེ་སློང་མ་རྣམས་སྨོད་པར་བྱེད་པ་ལས་སོ། །དགག་བྱ་ནི་བསྙེན་རྫོགས་མི་རན་པ་ལ་བྱས་པས་གཞན་གྱི་རྒྱུད་ཆུད་ཟོས་པའོ། །བུད་མེད་ཁྱིམ་སོ་བཟུང་བ་ལས་གཞན་གཞོན་ནུ་མ་ནི་ལོ་ཉི་ཤུའི་མདུན་རོལ་དུ་བསྙེན་པར་རྫོགས་པར་བྱེད་ན་མཁན་མོ་ལ་ལྟུང་བྱེད་དུ་འགྱུར་རོ། །ཞེས་ཀུན་མཁྱེན་མཚོ་སྣ་བའི་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལས། པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས། ཁྱིམ་སོ་མ་བཟུང་བ་ལོ་ཉི་ཤུ་མ་ལོན་པ་བསྙེན་པར་རྫོགས་པའི་མཁན་མོ་བྱས་པ་ནི། ཉི་ཤུ་མ་ལོན་པ་བསྙེན་རྫོགས་བྱེད་པའི་ལྟུང་བྱེད་ཡིན་ནོ། །ཞེས་གསུངས།
Domain ཆོས་ལུགས།