19324

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 10:26, 14 September 2021 by Jeremi (talk | contribs) (CSV import MGD Import Part 2a)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཉི་ཤུ་མ་ལོན་པར་བསྙེན་རྫོགས་བྱེད་པའི་ལྟུང་བྱེད་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། དགེ་སློང་མཁན་པོ་གང་ཞིག་གིས་སྡོམ་པ་ལེན་པ་པོ་ལོ་ཉི་ཤུ་མ་ལོན་པ་ཤེས་བཞིན་དུ་བསྙེན་པར་རྫོགས་པ་ལས་གྱུར་པའི་ལྟུང་བ་ཞིག་ལ་ཟེར། དེའི་ངོ་ཏི་ནི། པཎ་་ཆེན་འདུལ་བ་ལས། བསྒྲུབ་བྱ་ལོ་ཉི་ཤུ་མ་ལོན་པ་ལ་དེར་ཤེས་བཞིན་དུ་བསྙེན་རྫོགས་ཀྱི་མཁན་པོ་བྱས་ན་དེར་འགྱུར་བའི་ཕྱིར། གླེང་གཞི་ནི། མཉན་ཡོད་དུ་མོ་འགལ་གྱི་བུས་སྐྱེས་ཕྲན་གཞོན་ནུ་བཅུ་བདུན་སྡེ་ལོ་ཉི་ཤུ་མ་ལོན་པ་བསྙེན་པར་རྫོགས་པར་བྱས་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་གཞན་གྱི་རྒྱུད་ཆུད་ཟོས་པར་འགྱུར་བའོ། །ཞེས་གསུངས།
Domain ཆོས་ལུགས།