19347

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 10:27, 14 September 2021 by Jeremi (talk | contribs) (CSV import MGD Import Part 2a)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཉིང་མཚམས་སྦྱོར་བ་རྣམ་པ་བདུན་ (1)
Part of speech མིང་ཚིག
Definition རྣལ་འབྱོར་སྤྱོད་པའི་ས་རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས་བྱུང་བ་སྟེ། ཀུན་ནས་དཀྲིས་པ་དང་བག་ལ་ཉལ་གྱིས་ཉིང་མཚམས་སྦྱོར་བ་ནི། སོ་སོའི་སྐྱེ་བོ་རྣམས་ཀྱིའོ། །བག་ལ་ཉལ་གྱིས་ཉིང་མཚམས་སྦྱོར་བ་ནི། གཞི་མཐོང་བ་རྣམས་ཀྱིའོ། །ཤེས་བཞིན་དུ་འཇུག་པས་ཉིང་མཚམས་སྦྱོར་བ་ནི། འཁོར་ལོས་སྒྱུར་བ་རྣམས་ཀྱིའོ། །ཤེས་བཞིན་དུ་འཇུག་ཅིང་གནས་པས་ཉིང་མཚམས་སྦྱོར་བ་ནི། རང་སངས་རྒྱས་རྣམས་ཀྱིའོ། །ཐམས་ཅད་དུ་བརྗོད་པ་མེད་པས་ཉིང་མཚམས་སྦྱོར་བ་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱིའོ། །ལས་མངོན་པར་འདུ་བྱེད་པས་ཉིང་མཚམས་སྦྱོར་བ་ནི། བྱང་ཆུབ་སེམས་དཔའི་ཉིང་མཚམས་སྦྱོར་བ་མ་གཏོགས་པ་རྣམས་ཀྱིའོ། །ཡེ་ཤེས་མངོན་པར་འདུ་བྱེད་པས་ཉིང་མཚམས་སྦྱོར་བ་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱིའོ། །གནོད་པ་དང་ལྡན་པས་ཉིང་མཚམས་སྦྱོར་བ་ནི། ལས་མངོན་པར་འདུ་བྱེད་པས་ཉིང་མཚམས་སྦྱོར་བ་དེ་ཉིད་དོ། །དོན་དང་ལྡན་པས་ཉིང་མཚམས་སྦྱོར་བ་ནི། ཡེ་ཤེས་ལ་མངོན་པར་འདུ་བྱེད་པས་ཉིང་མཚམས་སྦྱོར་བ་དེ་ཉིད་དེ་དག་བསྡུས་ན་ཉིང་མཚམས་སྦྱོར་བ་བདུན་ནམ་དགུར་འགྱུར་རོ། །
Domain ཆོས་ལུགས།