19348

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 10:27, 14 September 2021 by Jeremi (talk | contribs) (CSV import MGD Import Part 2a)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཉིང་མཚམས་སྦྱོར་བའི་ཚེ་ (1)
Part of speech མིང་ཚིག
Definition མདོ། མངོན་པ། ཚེ་དྲུག་གི་ནང་གསེས་ཤིག། འཆི་སྲིད་དང་བར་སྲིད་ནས་སྐྱེ་སྲིད་དུ་ཉིང་མཚམས་སྦྱོར་བ་སྟེ། དེ་ཡང་འཆི་སེམས་ནི་ཟག་མེད་གཉིས་དང་དགེ་བ་སྦྱོར་བྱུང་དང་བཟོའི་གནས་པ་སྤྲུལ་སེམས་མ་གཏོགས་པ་རང་གི་ས་པའི་དགེ་བ་སྐྱེས་ཐོབ་དང་མི་དགེ་བ་དང་བསྒྲིབས་ལ་ལུང་མ་བསྟན་དང་རྣམ་སྨིན་སྐྱེས་དང་སྤྱོད་ལམ་པ་རྣམས་ཅི་རིགས་པ་ཡིན་ལ། སྐྱེས་སེམས་ནི་སྐྱེ་བའི་སྲིད་པ་ཉོན་མོངས་ཅན་ཞེས་པ་དང་། འཆི་འཕོ་དག་ལས་ཉོན་མོངས་ཀུན་ཞེས་འབྱུང་བས་གང་དུ་སྐྱེས་པའི་ས་དེའི་ཉོན་མོངས་ཅན་ལས་གོང་མར་སྐྱེ་བ་མི་སྲིད་པའི་ཕྱིར་བསྒྲིབས་ལ་ལུང་མ་བསྟན་དང་མི་དགེ་བ་གཉིས་ཡིན་ནོ། །
Domain ཆོས་ལུགས།