From Rangjung Yeshe Wiki - Dharma Dictionary
< Dictionaries | Monlam Grand(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
ཉིན་ཞག་ (1)
| Part of speech
|
མིང་ཚིག
|
| Definition
|
ཆུ་ཚོད་ཉི་ཤུ་རྩ་བཞིའི་དུས་ཡུན་གྱི་མིང་། འདུལ་བ་ལས། ད་ནངས་སྐྱ་རེངས་ཤར་ནས་སང་སྐྱ་རེངས་མ་ཤར་བར་གྱི་དུས་ཡུན་ལ་ཉིན་ཞག་གཅིག་ཟེར། མཛོད་ལས། ཡུད་ཙམ་སུམ་ཅུ་ལ་ཉིན་ཞག་གཅིག་ཟེར། དུས་འཁོར་ལས། ནམ་མཁའི་ངོས་སུ་དེ་རིང་གི་ཉི་མ་ཤར་བ་ནས་སང་ཉིན་གྱི་ཉི་མ་ཤར་ཁའི་བར་གྱི་དུས་ཡུན་དེ་ལ་ཉིན་ཞག་གཅིག་ཟེར། སྐར་རྩིས་ལས། སྐར་རྩིས་ཀྱི་ཆུ་ཚོད་དྲུག་ཅུའི་དུས་ཡུན་ལ་ཉིན་ཞག་གཅིག་ཟེར།
|
| Keyword
|
True
|
ཉིན་ཞག་ (2)
| Part of speech
|
མིང་ཚིག
|
| Definition
|
དུས་ཡུན་འཇལ་བྱེད་ཅིག་སྟེ། ཉིན་མཚན་གཉིས་ཀྱི་ཡུན་ཚད་དེ་ལ་ཟེར། དེ་དང་གོ་ལའི་རླུང་འགྲོས་ཚར་གཅིག་གི་ཡུན་ཚད་དོན་གཅིག་ཡིན། རྩིས་གཞུང་ཉིན་བྱེད་སྣང་བ་ལས། ཆུ་ཚོད་དྲུག་ཅུར་ཉིན་ཞག་གཅིག ། ཅེས་བྱུང་།
|
| Domain
|
རྩིས་རིག
|
ཉིན་ཞག་ (3)
| Part of speech
|
མིང་ཚིག
|
| Definition
|
གྲངས་བཅོ་ལྔ། ཟླ་གཅིག་གི་ཕྱེད་ལ་ཉིན་ཞག་བཅོ་ལྔ་ཡོད་པས་མིང་དེ་ལྟར་བཏགས།
|
| Type
|
མངོན་བརྗོད།
|