19625

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 10:27, 14 September 2021 by Jeremi (talk | contribs) (CSV import MGD Import Part 2a)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཉེ་བར་མཚོན་པ་ཞེས་བྱ་བའི་ལེའུ་ (1)
Part of speech མིང་ཚིག
Definition མདོ་དགོངས་པ་འདུས་པའི་ལེའུ་དྲུག་ཅུ་རེ་གསུམ་པ་ཡིན། ལེའུ་འདི་རྒྱུད་དེའི་བཤད་རྒྱུད་དུ་གཏོགས་ཤིང་། ནང་དོན་ལ་བྱུང་ཚུལ་བཅུ་གཉིས་ཀྱི་མཐའ་མ་དགོངས་པ་རྣམ་པར་བགྲོ་བའི་བྱུང་ཚུལ་ལ་ཆོས་ཀྱི་རྣམ་གྲངས་བཅུར་བགྲོ་བ་ལས། བརྒྱད་པ་མེ་ལོང་བརྟགས་པ་ལ་བསྒྲུབ་པ་སྒྱུ་མ་ལྟ་བུ་དང། མིང་སྨིག་རྒྱུ་ལྟ་བུ་དང། ཕྱག་རྒྱ་ཆུ་ཟླ་ལྟ་བུ་དང། སྤྱོད་པ་རྨི་ལམ་ལྟ་བུ་དང། བཟླས་པ་སྒྲ་བརྙན་ལྟ་བུ་དང། ལྟ་བ་མིག་ཡོར་ལྟ་བུ་དང། ཏིང་ངེ་འཛིན་ཆུ་བུར་ལྟ་བུ་དང། གནས་དྲི་ཟའི་གྲོང་ཁྱེར་ལྟ་བུ་དང། ཆོ་འཕྲུལ་སྤྲུལ་པ་ལྟ་བུ་དང། དངོས་གྲུབ་གཟུགས་བརྙན་ལྟ་བུ་དང་བཅུ་སྟེ། དཔེ་དོན་ཟུང་དུ་སྦྱར་ནས་བསྟན་པ་དང་། དཔེས་མཚོན་པའི་དོན་གྱི་མཇུག་སྡུད་པ་བཅས་བསྟན། རྒྱུད་ཆེན་པོ་འདིའི་ལུགས་ལ་ཆོས་ཉིད་བརྒྱུད་ནས་སྟོན་པ་དང་ཅར་ཕོག་ཏུ་སྟོན་པ་ལ་དྲང་དོན་ངེས་དོན་དུ་བྱས་པ་ལ་ལེའུ་འདིས་ངེས་དོན་སྟོན་ཞེས་གཟི་ལྡན་འཆར་ཁའི་འོད་སྣང་དུ་གསལ། བཀའ་འགྱུར་རྙིང་རྒྱུད་ཀ་པར་བཞུགས།