19636

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 10:27, 14 September 2021 by Jeremi (talk | contribs) (CSV import MGD Import Part 2a)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཉེ་བར་རྟོག་པ་ (1)
Part of speech མིང་ཚིག
Definition མདོ། མངོན་པ། དབུགས་འབྱུང་རྔུབ་སྒོམ་ཚུལ་དྲུག་གི་ནང་གསེས་སྟེ། མཛོད་འགྲེལ་མངོན་པའི་རྒྱན་ལས། ཉེ་བར་རྟོག་པ་ནི་དབུགས་འབྱུང་རྔུབ་འདི་དག་རླུང་འབའ་ཞིག་ནི་མ་ཡིན་གྱི་འོན་ཀྱང་འབྱུང་བ་དང་འབྱུང་གྱུར་གྱི་གཟུགས་རྫས་བརྒྱད་ཀྱི་རང་བཞིན་ཡིན་ལ། དེ་ལ་བརྟེན་པའི་སེམས་སེམས་བྱུང་གི་ཆོས་དང་བཅས་ན་ཕུང་པོ་ལྔ་པ་ཡིན་ནོ་ཞེས་ཉེ་བར་རྟོག་པའོ་ཞེས་གསུངས་སོ། །
Domain ཆོས་ལུགས།