19707
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔོ་སྨན་གྱི་རིགས་སུ་གཏོགས་པའི་སྐྱེ་དངོས་ཤིག་སྟེ། རྩ་བ་ཅུང་སྦོམ་ལ་རིལ་བའི་ཕྱི་ལྤགས་རྫ་མདོག་སྲབ་ཅིང་གྱོང་བའི་ནང་དཀར་བ། ཤ་རྒྱུ་ཡིན་ལ་འབྱར་རྩི་དམ་པོ་ཡོད་ཅིང་། སྒོག་པ་རུག་པའི་རྩ་བ་འདྲ་བ་མང་པོ་མགོ་སྦྲེལ་ནས་མཉམ་དུ་སྐྱེ་བ། མགོ་བོ་ཕྲ་ལ་དཀྱིལ་སྦོམ་ཞིང་རྟིང་པ་ཁབ་ལྟར་ཕྲ་ལ་རིང་བ་ཡོད་པ། སྡོང་པོ་ལྗང་སྨུག་ཕྲ་ལ་རིང་བ་ཚེར་མའི་རྣམ་པ་ཅན། ཁ་ཤས་མཉམ་དུ་སྐྱེ་བར་ཡལ་ག་དང་ཡལ་ཕྲན་མང་བ་དང༌། ལོ་མ་སྔོ་ལྗང་ཕྲ་ལ་ཞིབ་པ་འཁོར་སྐྱེས་ཅན་རིམ་བཞིན་བརྩེགས་མར་སྐྱེ་ཞིང༌། མེ་ཏོག་དཀར་ཆུང་འདབ་མ་ལྔ་ལྡན་ལོ་མའི་འོག་ནས་རིམ་པས་འཆར་ཞིང་ཡལ་སླ་བ། འབྲས་བུ་སྔོ་ལྗང་རིལ་བ་ཆེ་ཆུང་སྲན་མ་ཙམ་སྨིན་ཚེ་ནག་པོར་འགྲོ་བ། སྤྱིར་ཉེ་ཤིང་ལ་རིགས་ཕོ་མོ་གཉིས་སུ་གསུངས་པའི་ཚེར་མ་ཡོད་པ་ཕོ་རིགས་ནུས་པ་ཆེ་དང༌། ཚེར་མ་མེད་པ་མོ་རིགས་ནུས་པ་ཆུང་བར་བཤད། རི་ལྡེབས་དང༌། ཞིང་གསེབ། རི་མ་ཐང༌། ས་རྒོད་སོགས་སུ་སྐྱེ་བ་མང༌། བོད་ཟླ་བརྒྱད་པའི་ནང་རྩ་བ་བརྐོས་ཏེ་ས་དྲེག་རྣམས་གཙང་མ་བཀྲུས་ཐོག་ཕྱི་ཤུན་དོར་ནས་ཉི་མར་བསྐམས་རྗེས་སྨན་དུ་སྤྱོད་རྒྱུ། རོ་མངར་ལ་ཁ་བ། ཞུ་རྗེས་མངར་བ། ནུས་པ་ཡང་ཞིང་དྲོ་བས་ལུས་སྟོབས་རྒྱས་ཤིང་ཚེ་བསྲིང་བ་དང༌། མཁལ་མའི་སྟོབས་དང༌། དྲོད་ཉམས་པ་གསོ་བ། དེ་མིན་མཁལ་རྐེད་ན་བ་དང༌། གཅིན་སྙིའི་ནད། པགས་ནད། ཟ་འཕྲུག་ཅན། གབ་ཚད་རྙིང་པ་སོགས་ལ་ཕན་པ་ཡིན། དེའི་ཁཎྜ་ངོ་ཁེབས་དང་ཆུ་སེར་ནད་ལ་ཤིན་ཏུ་སྨན་པར་བཤད། |