19798
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རང་རྒྱུད་ཀུན་ནས་འཁྲུག་པའམ་རྨོངས་པར་བྱེད་པའི་ཉོན་མོངས་པའི་ཉེས་པ་དང་། ཆོས་རྣམས་ཀྱི་གནས་ཚུལ་ཇི་བཞིན་དུ་ཤེས་པ་ལ་སྒྲིབ་པར་བྱེད་པའི་ཤེས་བྱའི་སྒྲིབ་པ་གཉིས་ཟད་པ། མདོར་ན་ཉེས་པའི་སྐྱོན་མཐའ་དག་ཟད་པའི་སྐྱེས་བུ། དེ་ཡང་པཎ་ཆེན་བསོད་ནམས་གྲགས་པའི་རྣམ་འགྲེལ་དགོངས་པ་རབ་གསལ་ལས། འགྲིབ་དང་ཕུལ་བྱུང་བརྟེན་པ་ཀུན། །མི་མཐུན་ཕྱོགས་དང་བཅས་ཉིད་ཕྱིར། །དེ་གོམས་པ་ལས་བདག་འགྱུར་བས། །ལ་ལ་ཟག་པ་ཟད་པར་འགྱུར། །ཞེས་གསུངས་ཤིང་། དོན་ནི། བདག་མེད་རྟོགས་པའི་ཤེས་རབ་གོམས་པ་ལས་ཆགས་སོགས་འགྲིབ་པ་དང་། གཉེན་པོ་ཕུལ་བྱུང་དུ་འགྱུར་བའི་སྐྱེས་བུ་ལ་ལ་ཟག་ཟད་དུ་འགྱུར་བའི་ཕྱིར། ཞེས་པའི་དོན་ཡིན་པའི་ཕྱིར། |
| Domain | ཚད་མ། |