19819

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 10:28, 14 September 2021 by Jeremi (talk | contribs) (CSV import MGD Import Part 2a)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཉེས་པ་སུམ་ཅུ་རྩ་དྲུག་ (1)
Part of speech མིང་ཚིག
Definition མདོ་རྒྱུད་རིན་པོ་ཆེའི་མཛོད་དེབ་གཟུགས་གླེགས་བམ་གཉིས་པ་ལས་བྱུང་བ་སྟེ། དང་པོ་བདུད་ཀྱི་ལས་དྲུག་ནི། ༡ ལེ་ལོ། ༢ སྙོམས་ལས། ༣ ཆོས་དང་ཆོས་སྨྲ་བ་ལ་མ་དད་པ། ༤ དགེ་བའི་བཤེས་གཉེན་ལ་སྲི་ཞུ་མི་འདུད་པ། ༥ བསྟན་པ་བཞིན་ཡིད་ལ་མི་བྱེད་པ། ༦ འཇིག་རྟེན་འདི་ལ་སེམས་པས་ལས་དང་ལས་ཀྱི་རྣམ་པར་སྨིན་པ་ཁྱད་དུ་གསོད་པའོ། །གཉིས་པ་སྒྲིབ་པའི་ལས་དྲུག་ནི། ༡ རང་གི་རྒྱུད་ལ་བདུད་ཞུགས་པས་ང་རྒྱལ་ཆེ་བ། ༢ ལས་ཀྱི་སྒྲིབ་པས་ཆོས་སྤོང་བ། ༣ རྒྱང་འཕེན་གྱི་གསང་ཚིག་འཚོལ་བས་ཉེ་བར་བསྟན་པ་ཉན་པ། ༤ བྱང་ཆུབ་སེམས་དཔའི་སྡེ་སྣོད་མི་ཉན་པ། ༥ དགེ་བའི་བཤེས་གཉེན་ལ་ལོག་པར་ལྟ་བ། ༦ ཆོས་ལ་ལོག་པར་ལྟ་བའོ། །གསུམ་པ་ཆོས་སྤོང་བའི་རྒྱུ་དྲུག་ནི། ༡ སྡིག་པ་འདོད་པས་ལུས་སེམས་ཚུལ་འཆོས་པ། ༢ ང་རྒྱལ་གྱིས་ཆོས་སྨྲ་བ་ལ་མི་གུས་པ། ༣ ཐེ་ཚོམ་གྱིས་ཆོས་ལ་མི་གུས་པ། ༤ ཚུལ་འཆོས་ཀྱི་ལོག་པར་འཚོ་བ། ༥ ཕ་མ་དང་མཁན་པོ་དང་སློབ་དཔོན་ལ་མི་གུས་པ། ༦ ལུས་སེམས་རྩུབ་པས་རྟག་ཏུ་མི་མཐུན་པར་རྩོད་པའོ། །བཞི་པ་ཆོས་ལ་གཡེང་བའི་སྐྱོན་དྲུག་ནི། ༡ འཇིག་རྟེན་གྱི་བྱ་བྱེད་མང་བ། ༢ ཟང་ཟིང་གི་རྙེད་པ་མང་བ། ༣ ངག་ཚིག་བྲེ་མོའི་གཏམ་གྱི་སྦྱོར་བ་མང་བ། ༤ སྡིག་པའི་གྲོགས་ཀྱི་མཛའ་བཤེས་མང་བ། ༥ ལོག་པར་རྟོག་པའི་བློ་མང་བ། ༦ ལས་ངན་པའི་དབང་གིས་ནད་གདོན་མང་བའོ། །ལྔ་པ་ལོག་པར་འཁྱོག་པའི་སྐྱོན་དྲུག་ནི། ༡ བཀའ་དྲིན་གྱིས་བྱས་པ་མི་གཟོ་ཞིང་གཡོ་བྱེད་པ། ༢ རྙེད་པ་དང་བཀུར་སྟི་ལ་ཆགས་པས་ཆོས་སྒྲུབ་པ། ༣ ཕ་རོལ་གྱི་རྙེད་པ་ལ་ཕྲག་དོག་སེར་སྣ་བྱེད་པ། ༤ ཆོས་སྨྲ་བའི་ཡོན་ཏན་ལ་མི་སེམས་པར་འཁྲུལ་པ་འཚོལ་བ། ༥ སྡིག་པའི་སློབ་དཔོན་ལ་དད་ཅིང་བསྟེན་པ། ༦ རྟོག་གེ་འཚོལ་གྱི་བསོད་ནམས་ཀྱི་ཡོན་ཏན་མི་འཚོལ་བའོ། །དྲུག་པ་ཐེག་པ་ཆེན་པོ་ལས་གོལ་བའི་ཆོས་དྲུག་ནི། ༡ བྱང་ཆུབ་སེམས་དཔའི་སྡེ་སྣོད་མི་འཚོལ་བ། ༢ མུ་སྟེགས་ཀྱི་རྫུ་འཕྲུལ་འཚོལ་བ། ༣ འཇིག་རྟེན་པའི་ཞལ་ཏ་བྱེད་ཅིང་མང་དུ་ཐོས་པ་མི་འཚོལ་བ། ༤ ཚིག་གིས་ཐོས་པ་འཚོལ་བ། ༥ རྣམ་པར་གྲོལ་བ་མི་འཚོལ་བ། ༦ རིག་པའི་གནས་ལ་མཁས་པ་འདོད་ཀྱི་དགེ་བ་བཅས་བཤེས་གཉེན་མི་འཚོལ་བའོ། །
Domain ཆོས་ལུགས།