19827
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སོ་སོར་ཐར་པའི་བཤད་པ་རྣམས་མི་བརྗེད་དྲན་བྱེད་ཙམ་དུ་བྲིས་པ་ལས་བྱུང་བ་སྟེ། དང་པོ། མངོན་སུམ་གྱིས་ཞི་བར་བྱ་བ་ནི། རི་དྭགས་དགྲའི་བུ་ནག་པོ་སྤང་བ་ལས་བརྩམས་ཏེ། རྒོལ་བ་དང༌། ལན་ལྡོན་པ་དང༌། ཆོས་བཞིན་བྱ་བ་མངོན་སུམ་དུ་གྱིས་ཤིག་ཅེས་འབྱུང་བ་ལྟ་བུའོ། །གཉིས་པ། ཁས་ལེན་པས་ཞི་བར་བྱ་བ་ནི། ཉེས་པ་བྱས་པ་ཕ་རོལ་གྱིས་གླེངས་ཀྱང་རུང་། མ་གླེངས་ཀྱང་རུང་སྟེ། རང་གིས་ཆོས་བཞིན་དུ་བཤགས་ཤིང་མཐོལ་བས་ཞི་བར་བྱ་བའོ། །གསུམ་པ། དེའི་ངོ་བོ་ཉིད་ཚོལ་བས་ཞི་བར་བྱ་བ་ནི། དགེ་སློང་ལག་པ་ཅན་ལྟ་བུ་ཡང་དང་ཡང་སྨྱོན་ཅིང་ཁས་ལེན་པ་ནི་ཉེས་པའི་དམིགས་གཏན་ལ་མ་ཕེབས་ཤིང་གང་ཡིན་པ་གཏོལ་མེད་པས། གང་ཡིན་པ་གཏན་ལ་འབེབས་ཤིང་ངོ་བོ་ཉིད་ཚོལ་བའི་འདུལ་བ་ལས་ན་སྦྱིན་པ་ཡིན་ནོ། །བཞི་བ། རྩྭ་བཀྲམ་པ་ལྟ་བུས་ཞི་བར་བྱ་བ་ནི། རྩོད་པ་ཕྱོགས་གཉིས་སུ་ཆད་དེ། གནས་པ་ལ་ཕྱོགས་གཉིས་ཀའི་གཙོ་བོ་གཉིས་རང་རང་གི་ཕྱོགས་ལ་བསྒོ་སྟེ། གཅིག་ལ་གཅིག་བཟོད་པར་གསོལ་ཞིང་ཉེས་པ་བཤགས་ཏེ་བསྡུ་བས་ཞི་བར་བྱ་བའོ། ། |
| Domain | ཆོས་ལུགས། |